《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月13日

ཞི་ཅིན་ཕིང་གིས་མུའུ་ལི་ནུའོ་ལ་གློག་འཕྲིན་བཏང་ནས་ཁོང་ཕ་ན་མའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་སའེ·ལའོ་ཨར·མུའུ་ལི་ནུའོ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། 2017ལོའི་ཟླ་6པར། ཀྲུང་ཕའི་དབར་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་བདུན་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་ཕའི་དབར་ཕྱི་འབྲེལ་བཙུགས་པ་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་པ་དང་ཀྲུང་ཕའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་གྱུར་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད། ཀྲུང་ཕ་ནི་ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ་དང་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཞིག་རེད། ངས་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བདམས་ཐོན་བྱུང་བའི་ཙུང་ཐུང་མུའུ་ལི་ནུའོ་དང་མཛའ་མཐུན་འགྲོ་འོང་བྱས་ཏེ། ཀྲུང་ཕའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས་རྒྱུན་མཐུད་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

(ཉི་དོན་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)