G3ཐོང་ལིང་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་གྱི་རིང་ཚད་ལ་སྨི་988ཟིན་པ་དང་། དེ་ནི་ཐོང་ལིང་གྲོང་ཁྱེར་གྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་དང་གཙང་པོ་བརྒལ་བའི་གཙོ་གནད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལས་གྲྭ་ཞིག་རེད། བསྐྲུན་ཟིན་རྗེས་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་ཟླ་5ཚེས་9ཉིན་ཨན་ཧུའེ་ཞིང་ཆེན་G3ཐོང་ལིང་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་བཟོ་པ་རྣམས་ཀྱིས་ཨར་ལས་བྱེད་བཞིན་པ།