ཟླ་5ཚེས་9ཉིན། སྐབས་དང་པོའི་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོའི(ལྷོ་ནུབ་ཁུལ)བོད་རང་སྐྱོང་ལྗོངས་ཀྱི་གཉའ་ཐག་འཐེན་པའི་འདེམས་སྒྲུག་འགྲན་བསྡུར་ཐོག བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7ནས་ཡོང་བའི་གཉའ་ཐག་འཐེན་མཁན་30མཉམ་དུ་འཛོམས་ནས་འགྲན་བསྡུར་དྲག་པོ་བྱས་ཡོད། ད་ཐེངས་ཀྱི་འདེམས་སྒྲུག་འགྲན་བསྡུར་ནང་བོད་ཀྱི་གཉའ་ཐག་འཐེན་མཁན་ཕུལ་བྱུང་བདམས་ནས་གཅིག་སྡུད་སྦྱོང་བརྡར་བྱས་ཏེ་བོད་ཀྱི་ཚབ་ཞུས་ནས་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
གཉའ་ཐག་འཐེན་པའི་འགྲན་བསྡུར་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཞིག་རེད།
↑འདི་ནི་ཟླ་5ཚེས་9ཉིན་པར་བླངས་པའི་གཉའ་ཐག་འཐེན་པའི་འདེམས་སྒྲུག་འགྲན་བསྡུར་བྱ་ཡུལ་ཡིན་པ།
→ འདི་ནི་ཟླ་5ཚེས་9ཉིན་ནག་ཆུའི་རུ་ཁག་གི་བདམས་ཐོན་པ་པ་སངས(མདུན)ཀྱིས་གཉའ་ཐག་འཐེན་བཞིན་པ།