《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月11日

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག་རེད། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ལོ་65ཡི་རིང་གི་མེས་རྒྱལ་མཐའ་མཚམས་རྫོང་ཁོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གཡུར་ ཟའི་གྲུབ་འབྲས་ཀུན་གྱི་མིག་ལམ་དུ་བཤམས་ཡོད།

གྲངས་གཞི་ལས་མངོན་པར། རྫོང་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་100%ཟིན་པ་དང་། ཆུ་བོ་དང་མཚོ་གཙོ་བོའི་ཆུ་སྤུས་སྤྱིའི་ཆ་ནས་རིམ་པ་IIIཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་ཚད་གཞི་100%ཟིན་པ། རྫོང་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་དང་ཁྱབ་འགྱེད་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

གཏིང་སྐྱེས་རྫོང་གིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་རྒྱུ”མཐའ་འཁྱོངས་བྱས་ནས་མུའུ་ཁྲི་5485.4ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་བ་དང་། ནགས་ས་མུའུ་ཁྲི་44དང་འདམ་ར་མུའུ་ཁྲི་44སྲུང་སྐྱོང་ནུས་ལྡན་བྱས་པས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

2023ལོར་འདྲེན་ཐང་གྲོང་རྡལ་འདི་ཉིད་རྒྱལ་ཁབ་ཀྱི་ཁག་བདུན་པའི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིར་མིང་བཏགས་པ་དང་། གཏིང་སྐྱེས་རྫོང་དང་དེའི་ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ་10དང་སྲིད་འཛིན་གྲོང་ཚོ་70ལ་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་རེད།

གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་གཏིང་སྐྱེས་རྫོང་ཡན་ལག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལོ་65ཡི་རིང་གི་གཏིང་སྐྱེས་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་གི་འགྱུར་ལྡོག་ཆེ་ཤོས་ནི་མིའི་འགྱུར་ལྡོག་དེ་རེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་བསྟུན་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་མི་སེམས་སུ་རབ་ཏུ་ཟུག་ནས་མང་ཚོགས་ཚོས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། (ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)