ཟླ་5ཚེས་8ཉིན་འབྲུ་རིགས་ཏུན་5400བླུགས་པའི་ཐད་སྐྱོད་གྲུ་གཟིངས“གསར་གཏོད་གྲུ་གཟིངས་ཨང་ལྔ་པ”ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་ལའོ་ཐང་ཧྲན་གྲུ་ཁ་ནས་ཐོན་ཏེ་ཁྲུང་ཆིང་དབན་ཀྲོའུ་ཤིན་ཐན་གྲུ་ཁར་བསྐྱོད་དེ་ཀྲོའུ་ཧྲན་ནས་ཁྲུང་ཆིང་བར་གྱི་ཐད་སྐྱོད་གྲུ་ལམ་གསར་པ་བཏོད་ཡོད་ལ། དེ་ནས་བཟུང་ཐད་སྐྱོད་གྲུ་གཟིངས་འབྲི་ཆུའི་སྟོད་རྒྱུད་ལྟེ་གནས་སུ་བསྐྱོད་དེ་ཀྲུང་གོའི་ཐད་སྐྱོད་གྲུ་ལམ་རིང་ཤོས་བཏོད་ཡོད། འདི་ནི་ཟླ་5ཚེས་8ཉིན་ཏུན་ཁྲི་རིམ་པའི་ཐད་སྐྱོད་གྲུ་གཟིངས་དང་པོ་སྟེ“གསར་གཏོད་ཨང་ལྔ་པ”འབྲི་ཆུའི་འགག་གསུམ་ཝུའུ་ཞཱ་དུམ་བུའི་ཆུ་ཐོག་ཏུ་སྐྱོད་བཞིན་པ།