《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月11日

ཟླ་བའི་ལྷ་མོ་ཨང་དྲུག་པ་ཟླ་བ་གོ་ལའི་རྒྱུ་སྐར་འཁོར་ ལམ་དུ་བདེ་བླག་ངང་འཕུར་སྐྱོད་ཐུབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར། པེ་ཅིང་གི་དུས་ཚོད་ཟླ་5ཚེས་8ཉིན་གྱི་ཆུ་ཚོད་10དང་སྐར་མ་12ཐོག་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་གནད་སྨིན་ཚོད་འཛིན་འོག་ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ལེན་འཕྲུལ་འཁོར་ཟླ་བཅར་བཀག་གཏོང་ཐུབ་ནས་ཟླ་བ་གོ་ལའི་རྒྱུ་སྐར་འཁོར་ལམ་དུ་བདེ་བླག་ངང་འཕུར་སྐྱོད་ཐུབ་པ་རེད།