ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ས་པུ་ཏ་ཕེ་སི་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)གཏོང་སྤེལ་གྱི་མཛད་སྒོ་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་ཤིང་། ལེ་ཚན་དེ་རིང་ནས་བཟུང་ཧང་ག་རིའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་ཧང་ག་རིའི་ATVབརྙན་འཕྲིན་ལས་ཁུངས་སོགས་ཧང་ག་རིའི་གཙོ་རྒྱུན་སྨྱན་སྦྱོར་ནས་བསྟན་པ་དང་འབྲེལ་ཡོད་ནང་དོན་དང་དེ་བཞིན་དྲིལ་བསྒྲགས་པར་གཞི་སོགས་ད་དུང་ཡོ་རོབ་དང་གོ་ལ་ཧྲིལ་པོའི་གཙོ་རྒྱུན་སྨྱན་སྦྱོར་བརྒྱ་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏོང་སྤེལ་བྱས་པ་རེད།
ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གནའ་དཔེ》(རྒྱལ་སྤྱིའི་དཔར་མ)ཡི་ནང་ཐུན་མོང་འབྱོར་ཕྱུག་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་གསུང་སྐད་དང་གནའ་དཔེ་ལུང་འདྲེན་ཞིབ་ཚགས་བདམས་ཤིང་། རྒྱལ་སྤྱི་ཅན་གྱི་མཐོང་རྒྱའི་སྣེ་ཟུར་ནས་ཀྲུང་གོའི་གཏམ་རྒྱུད་དང་བློ་གྲོས་མཚོན་པར་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་བྱུང་གི་ཆབ་སྲིད་བློ་གྲོས་དང་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་གསོན་ཉམས་དོད་པོས་མངོན་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་འབྱུང་ཁུངས་དང་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་བཅས་བྱས་ཡོད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)