《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

པར་རིས་གསར་འགྱུར།

ཟླ་5ཚེས་1ཉིན། ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་གི“གྲོང་ཚོའི་རིམ་འདས་མཉམ་འགྲན”སྤོ་ལོ་ཐང་དུ་ཨ་ཧྥེ་རི་ཁ་ལི་པེ་རི་ཡ་ཚོགས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ལེའོ་ཉིང་ཞིང་ཆེན་ཏུང་ཀང་གྲོང་ཁྱེར་ནས་ཡོང་བའི་ཚའོ་མའེ་རྐང་རྩེད་སྤོ་ལོའི་རུ་ཁག་གིས་མཛའ་གྲོགས་འགྲན་བསྡུར་བྱས་པ་རེད། “གྲོང་ཚོའི་རིམ་འདས་མཉམ་འགྲན”གྱི་མིང་ཆ་ཚང་ལ་ཀུའེ་ཀྲོའུ་རུང་ཅང(སན་པའོ་ཏུང་རིགས་གྲོང་སྡེ)མཛེས་མཐུན་གྲོང་གསེབ་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་ཟེར་ཞིང་། དེ་ནི་གྲོང་ཚོ་ཚན་པར་བྱས་ནས་བཙུགས་པའི་སྤོ་ལོའི་རུ་ཁག་ལས་གྲུབ་པའི་ལས་ཞོར་མཉམ་འགྲན་ཞིག་རེད། མིག་སྔར་རུང་ཅང་རྫོང་གིས“རྒྱུད་གཅིག་ལམ་གཅིག”དང“གྲོང་ཚོའི་རིམ་འདས་མཉམ་འགྲན”རྒྱལ་སྤྱིའི་མཛའ་གྲོགས་འགྲན་བསྡུར་གྱི་གྲ་སྒྲིག་ཨང་བསར་བྱས་ཏེ་དམངས་ཁྲོད་སྤེལ་རེས་ཀྱི་རིག་གནས་ལས་སྟེགས་ཤིག་སྐྲུན་བཞིན་ཡོད་པ་རེད། འདི་ནི་མཛའ་གྲོགས་འགྲན་བསྡུར་བྱ་ཡུལ་ཡིན་པ།