《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

པར་རིས་གསར་འགྱུར།

འདི་ནི་ཟླ་5ཚེས་4ཉིན་ཡུལ་སྐོར་བས་ཀུའེ་ཀྲོའུ་ཡི་ཆན་ནུབ་ལྷོའི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཤིན་དབྱི་གྲོང་ཁྱེར་གྱི་ཧྥུང་ལིན་པུའུ་དབྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།

འདི་ནི་ཟླ་5ཚེས་3ཉིན་ཧོ་ནན་ལུའོ་དབྱང་གྲོང་ཁྱེར་གྱི་གནའ་གྲོང་གི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཡུལ་སྐོར་བས་ཁེངས་པ།

“ལྔ་གཅིག”གུང་གསེང་རིང་། རྒྱལ་ནང་གི་རིག་གནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཆེན་པོ་འཕེལ་བ་དང་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་དུ་སྲོལ་རྒྱུན་གྱི་ཉམས་འགྱུར་མྱོང་རོལ་ཐུབ་པ་དང་། རི་སྔོ་ཆུ་དྭངས་ཀྱི་ཁྲོད་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་ལེན་ཐུབ་པ། རྟེན་མཛོད་ཁང་ནས་ལོ་རྒྱུས་ཀྱི་དྲན་ཤེས་ཚོར་ཐུབ་པ་ལ་སོགས་ས་ཆ་ཁག་གིས་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་ཁྱབ་གདལ་ཧུར་ཐག་བཏང་སྟེ། མང་ཚོགས་ཀྱི་གུང་གསེང་འཚོ་བ་སྣ་མང་ཕུན་སུམ་ཚོགས་པ་དང་གུང་གསེང་གི་དཔལ་འབྱོར་སྒུལ་ནུས་རྒྱུན་མཐུད་འདོན་སྤེལ་ཐུབ་པར་བྱས་པ་རེད།