《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月06日

འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད།

▲ འདི་ནི་ཟླ་5ཚེས་2ཉིན་ཧང་ཀྲོའུ་མཚོ་ཁུག་གི་མཚོ་སྒྲོལ་ལྕགས་ལམ་ཟམ་ཆེན་སྐྲུན་བཞིན་པ། (ཧྥན་དབྱིན་ཅེ་ཡིས་པར་བླངས)

▲ འདི་ནི་ཟླ་5ཚེས་1ཉིན་ཧྲན་ཏུང་ཞིང་ཆེན་ཐེང་ཀྲོའུ་གྲོང་ཁྱེར་མངགས་སྐྱེལ་བ་ཞིག་གིས་ལྟོ་ཆས་སྐྱེལ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་ལི་ཀྲེ་ཅུན་གྱིས་པར་བླངས)

▲ འདི་ནི་ཟླ་5ཚེས་1ཉིན་ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་ཝང་ཅང་རྫོང་དུ་བཟོ་པ་ཚོས་མཐོ་ཚད་སྨི་200ལྷག་ཙམ་ཡོད་པའི་མཁའ་དབྱིངས་སུ་མཐོ་གནོན་གློག་སྐུད་ལ་བརྟག་དཔྱད་བྱེད་བཞིན་པ།(ཀྲེན་ཞན་ལེ་ཡིས་པར་བླངས)

▲ འདི་ནི་ཟླ་5ཚེས་1ཉིན་ཧོ་པེ་ཞུང་ཨན་ཁུལ་གསར་ཏ་ཧོ་ཡུག་ཁུལ་གྱི་བཀོད་སྒྲིག་སྡོད་ཁང་དང་ལྷན་སྦྱར་སྒྲིག་བཀོད་ལས་གྲྭའི་རྣམ་གྲངས་ལས་ཡུལ་དུ་བཟོ་པས་ལས་ཀ་བྱེད་བཞིན་པ། (ལི་ཀྲའོ་མིང་གིས་པར་བླངས)

◀ འདི་ནི་ཟླ་5ཚེས་1ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཁའེ་དབྱང་རྫོང་ཁའེ་ཀྲོའུ་ལམ་ཆེན་དུ་ཁོར་ཡུག་གཙང་སྦྲའི་བཟོ་པས་གཙང་སྦྲ་བྱེད་བཞིན་པ། (ཡོན་ཧྥུའུ་ཧུང་གིས་པར་བླངས)

▲ འདི་ནི་ཟླ་5ཚེས་1ཉིན་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཧྲེན་ཏུང་རྡོ་སོལ་ཧཱ་ལཱ་ཀུའོ་རྡོ་སོལ་སྔོག་འདོན་རུ་ཁག་དང་པོས་རྡོ་སོལ་སྔོག་འདོན་འཕྲུལ་འཁོར་གྱི་སོ་བརྗེ་བཞིན་པ།(ཧོའོ་ཝུན་ཐིང་གིས་པར་བླངས)

▲ འདི་ནི“ལྔ་གཅིག”གུང་གསེང་རིང་ལེའོ་ཉིང་ཞིང་ཆེན་ཧྲེང་དབྱང་གྲོང་ཁྱེར་ཧྲེང་དབྱང་ཕོ་བྲང་རྙིང་པའི་རྟེན་མཛོད་ཁང་གི་ལས་སྒྲུབ་ལས་གནས་ཀྱི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བར་ལམ་སྟོན་བྱེད་བཞིན་པ།(ཙའུ་ཤིན་ཅང་གིས་པར་བླངས)

▲ འདི་ནི“ལྔ་གཅིག”གུང་གསེང་རིང་པེ་ཅིང་གྲོང་ཁྱེར་ལྟེ་བ་ཕལ་པའི་ས་ཚིགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་ལས་ཡུལ་དུ་བཟོ་པས་ལས་ཀ་བྱེད་བཞིན་པ། (ཀྲང་ཝུའུ་ཅུན་གྱིས་པར་བླངས)

▲ འདི་ནི“ལྔ་གཅིག”གུང་གསེང་རིང་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་མི་དམངས་སྨན་ཁང་གི་བུ་བཙའ་ཁང་གི་ནད་སྐྱོང་པས་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་བཞིན་པ། (ཅང་ཁེ་ཆིང་གིས་པར་བླངས)

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ངལ་རྩོལ་ལ་བརྟེན་ནས་དུས་རབས་ཀྱི་ལེའུ་རྩོམ་པ་དང་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

“ལྔ་གཅིག”གུང་གསེང་རིང་མི་ཚོགས་མང་བའི་མཛེས་ལྗོངས་ཁུལ་དང་བྲེལ་འཚུབ་ཆེ་བའི་ལས་ཡུལ་དུ་ངལ་རྩོལ་པ་གྲངས་མེད་ཀྱིས་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་ཕུལ་ནས། ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་བ་དང་དུས་བདེ་སྲུང་བཞིན་ཡོད། ངལ་རྩོལ་གྱི་གཟི་བརྗིད་འོད་ཟེར་ཕྱོགས་བཞིར་འཕྲོ་བཞིན་ཡོད་ལ། འབད་འཐབ་ཀྱི་འབོད་སྒྲས་མི་རྣམས་ལ་སྐུལ་ལྕག་བྱེད་བཞིན་མཆིས།

ང་ཚོས་པར་རིས་ཀྱི་ཐོག་ནས“ལྔ་གཅིག”གུང་གསེང་རིང་རྒྱ་ཆེའི་ངལ་རྩོལ་པ་ཚོས་ལས་གནས་བརྟན་སྲུང་གིས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བའི་རྣམ་པ་མཚོན་པར་བྱེད་ཀྱི་ཡིན། —— རྩོམ་སྒྲིག་པས།