05

ནག་ཆུ་གྲོང་ཁྱེར་གྱིས། སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་པར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་གསོ་སྦྱོང་བྱས་པ། 2024年11月19日

འདི་ནི་མེ་གསོད་ཀྱི་དངོས་འཐབ་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་ཆུ་མདའ་སྤྱོད་སྟངས་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་མེ་གསོད་ཆུ་མདའ་སྒྲིག་སྦྱོར་གྱི་སྦྱོང་བརྡར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་ནག་ཆུ་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་2024ལོའི་ལོ་འཁོར་གྱི་སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་གསོ་སྦྱོང་བདེ་བླག་ངང་མཇུག་འགྲིལ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ནུས་པ་ཆེ་རུ་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།