02

དངུལ་རྩའི་ཐབས་བཟང་ལས་གྲོང་གསེབ་ལ་ཕན་པ་བྱུང་བ། 2024年11月19日

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་དང་ཀུན་ཕན་དངུལ་རྩའི་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཧུག་ཐག་ཞུས་ཏེ་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩའི་ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དངུལ་རྩའི་སྒྲིག་གཞིས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་ཏན་ཏིག་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

པར་①②ནི་ཞིང་ལས་དངུལ་ཁང་ལྷོ་བྲག་རྫོང་ཉིང་ལག་དངུལ་ཁང་གི་ཞིང་གསུམ་ཞབས་ཞུའི་ཁུལ་གྱི་ལས་དོན་པས་མང་ཚོགས་ལ་ལས་སྒོ་གཉེར་རོགས་བྱེད་བཞིན་པ།