ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒན་གསོའི་ཁྱབ་ཁོངས་སུ་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་སྟངས་གཙོ་བོ་གཤམ་གསལ་ཏེ།
གཅིག་ནི“རྒན་གསོའི་ཞབས་འདེགས”ཞུ་བར་ཁ་གཡར་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་དང་།
གཉིས་ནི“རྒན་གསོའི་རྣམ་གྲངས”ལ་མ་དངུལ་གཏོང་བར་ཁ་གཡར་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ།
གསུམ་ནི“རྒན་རྒོན་གྱི་ཐོན་རྫས”ཕྱིར་ཚོང་བྱེད་པར་ཁ་གཡར་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་སྟེ། ཁེ་ལས་ཁག་གཅིག་ལ་ཚོང་ཟོག་ཕྱིར་ཚོང་གི་གནས་ཚུལ་ངོ་མ་མེད་པའམ་ཡང་ན་ཚོང་ཟོག་ཕྱིར་ཚོང་དམིགས་ཡུལ་གཙོ་བོར་མི་བྱེད་པར་ཚོང་ཟོག་ཚུར་ཉོ་དང་། མངགས་བཅོལ་ཚབ་ཚོང་། འཛད་སྤྱོད་ཀྱི་སྐྱེད་ཀ་ཕྱིར་སློག གཟུགས་པོར་རིན་མེད་བརྟག་དཔྱད། རིན་མེད་ཡུལ་སྐོར། ལག་རྟགས་སྤྲོད་པ། ཞབས་འདེགས་ཚོང་གཉེར། ལུས་གསོའི་འཆད་ཁྲིད། རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་སོགས་ཀྱི་གཡོ་ཐབས་སྤྱད་དེ་རྒན་རྒོན་ལ་མགོ་སྐོར་དང་བསླུ་བྲིད་བྱས་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ།
བཞི་ནི“ཁང་པར་བརྟེན་ཏེ་རྒན་གསོ”བྱེད་ པར་ཁ་གཡར་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་པས། ཚང་མས་ངེས་པར་དུ་འགོག་ཟོན་བྱེད་དགོས།