08

ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས། “ཁྱིམ་གཞིས་སྲུང་སྐྱོང་ཆེད། ཤིང་འཛུགས་ནགས་བཟོ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། 2024年06月04日

འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། “ཁྱིམ་གཞིས་སྲུང་སྐྱོང་ཆེད། ཤིང་འཛུགས་ནགས་བཟོ་བྱེད། ཁྲེང་ཀོན་ཁྲིམས་ཁང་གིས་བྱ་སྤྱོད་སྤེལ་ནས། ལྷོ་རི་བྱང་རིར་ལྗོན་ཤིང་འཛུགས”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་། ཏང་ཡོན་ལས་བྱེད་པ་ཚོར་ངར་ཤུགས་ཀྱིས་ཁེངས་པ་དང་ལས་བགོས་ཁ་གསལ་ཡིན་ཞིང་། ལག་རྩལ་མི་སྣའི་མཛུབ་ཁྲིད་དང་རོགས་རམ་འོག གོ་རིམ་ལྡན་པའི་ངང་སྡོང་ཕྲུག་བཙུགས་པ་མ་ཟད་ཆུ་ཡང་བརྒྱབ་པ་རེད། ཚང་མའི་འབད་བརྩོན་འོག་དོག་སྡེ་ཁྲོམ་གཞུང་གི་དངུལ་པར་གྲོང་ཚོར་ཤོན་ལྷུང་སྡོང་ཕྲུག་50དང་ཚེར་ཅན་ཚོས་སེར་སྡོང་ཕྲུག་50རྩ་བ་བརྟན་པོ་ཚུགས་ཤིང་། དེ་ནས་བཟུང་། གྲོང་ཚོ་དེར“ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དྲང་གཞག་དྲང་བདེན་ནགས་ར”དངོས་སུ་བཙུགས་པ་རེད།