སྦྲུལ་ཞགས།
སེམས་ཀྱི་མཐིལ་དུ་བཞད་པའི་པད་མ་ཡི་དགའ་ཚལ། །
དྲི་བསུང་སྨན་གྱི་ངད་པས་གཞིས་ཆུང་དེ་ཁེངས་ཤིང་། །
དུས་བཞིའི་འཇམ་རྩུབ་ཁྲོད་ནས་བརྩེ་ཆེན་གྱི་ཐུགས་རྗེས། །
ནམ་ཡང་འབྲལ་དུ་མེད་པའི་བྱམས་ལྡན་ཟུང་བཞུཌ་པ། །
བསོད་ནམས་ཁུར་གྱིས་དུད་པའི་བགོ་སྐལ་རང་ཡིན་ནོ། །
རི་ཆུ་འཕྲེད་ཀྱིས་བཅད་ཀྱང་དུང་སེམས་ཀྱི་དར་དཀར། །
སྨོན་པས་རིང་ནས་བཏེགས་པའི་རྣམ་དཀར་གྱི་བསླབ་བྱ། །
དཀར་དཀར་ཚེམས་ཕྲེང་བར་ནས་སྒྲ་འཛིན་དུ་ཐོས་སྐབས། །
རིན་ཆེན་མཚོ་ལྟར་བསྐྱིལ་ཡང་གཞལ་དུ་ནི་མེད་པའི། །
ངེས་ཚིག་གཏིང་ནས་རྙེད་ཅིང་ལྷག་ཏུ་རང་གཅེས་བྱུང་། །
མ་བཅོས་གསེར་གྱི་རང་མདངས་བྱམས་བརྩེ་ཡིས་བརྒྱན་ཏེ། །
རྟག་པར་ཡིད་མཚོར་འཕྱུར་བའི་མཐའ་ཡས་ཀྱི་གཙང་པོ། །
ཐུགས་ཁུར་འོ་བརྒྱལ་མྱོང་གྲངས་བ་སྤུ་བཞིན་མང་བས། །
མ་བཅོས་དགྱེས་ཞལ་ཟླ་གཞོན་དྭངས་གསལ་གྱི་ཤེལ་བུམ། །
བདག་ཉིད་དུས་ཀུན་སྲུང་བའི་ཚེ་རབས་ཀྱི་ནོམ་པ། །