10

གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། 2024年06月04日

འདི་ནི་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཛེས་ལྗོངས་ཁུལ་དུ་སྐོར་གཡེང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་མང་པོ་ཞིག་གིས་ནང་མི་ཁྲིད་དེ་གྲོ་མོའི་རིག་གནས་ཡུལ་སྐོར་གྱི་APPབརྒྱུད་གྲོ་མོ་སྨད་ཤང་དུ་ནགས་ཚལ་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་ཡོང་གི་ཡོད། འགན་ལེན་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད། གཞིས་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་དུས་བདེའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་གཙོ་རྐང་དུ་བྱས་ནས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་བདེ་འཇགས་སྲུང་སྐྱོང་གིས་ཡུལ་སྐོར་བར་མཐའ་མཚམས་ནགས་ཚལ་གྱི་མཛེས་ལྗོངས་དང་ཡུལ་སྲོལ་མྱོང་རོལ་ཐུབ་པ་དང་ཆབས་ཅིག བདེ་འཇགས་ཚོར་སྣང་ཟབ་མོ་ཡོང་བར་བྱས་པ་རེད།