06

དིང་རི་རྫོང་ཞིབ་དཔྱོད་ཁང་གིས། “ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་དང་དམངས་འཚོར་འགན་ལེན”གྱི་ཆེད་དོན་བྱེད་སྒོ་སྤེལ་བ། 2024年06月04日

འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་དིང་རི་རྫོང་གི་མི་དམངས་ཞིབ་དཔྱོད་ཁང་གིས་རང་འགུལ་ངང་འགན་འཁྲི་བསྒྲུབས་ཏེ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་དང་དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུར་དམིཌ་ནས། རྫོང་དབང་པོ་སྐྱོན་ཅན་མཉམ་ལས་ཁང་དུ་བསྐྱོད་དེ“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་དང་དམངས་འཚོ་འགན་ལེན”གྱི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་རིང་། ཞིབ་དཔྱོད་དཔོན་གྱིས་ཡུལ་དངོས་སུ་ཁེ་ལས་ཀྱི་ཐོན་སྐྱེད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་ཤིང་། ཁེ་ལས་ལ“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱེད་སྒོའི་འབྲེལ་ཡོད་ནང་དོན་སོགས་གཙོར་བཟུང་སྟེ་ངོ་སྤྲོད་བྱས་པ་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་དང་། འཁོར་སྐྱོད་གནས་ཚུལ། འཕེལ་རྒྱས་འཆར་འགོད། དེ་བཞིན་མིག་སྔར་ཁེ་ལས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་སོགས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།