འདི་ནི་མི་དམངས་ཉེན་རྟོག་པས་རིན་སྤུངས་རྫོང་སློབ་འབྲིང་གི་རྒྱུ་དངོས་ལ་མི་རྔམ་པའི་སློབ་མ་གཉིས་ལ་བྱ་དགའ་སྤྲོད་བཞིན་པ།
འདི་ག་ཚགས་པར་ཁང་དུ་རིན་སྤུངས་ནས་གློག་འཕྲིན་འབྱོར་གསལ། “ཨ་ཁུ་ཉེན་རྟོག་པ་ལགས། ང་ཚོས་ལག་ཐོཌ་ཁ་པར་ཞིག་རྙེད་བྱུང་། འདི་བདག་པོར་སྤྲོད་རོགས་གནང”ཞེས་ཉིན་ཤས་གོང་རིན་སྤུངས་རྫོང་སློབ་འབྲིང་གི་སློབ་མ་ཕུན་ཚོགས་དོན་ལྡན་དང་ཀུན་དགའ་ཕུན་ཚོགས་གཉིས་ཀྱིས་ལག་ཐོགས་ཁ་པར་ཞིག་རང་འགུལ་ངང་ཉེ་འགྲམ་གྱི་རིན་སྤུངས་རྫོང་ཧར་པིན་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་ཉེན་རྟོག་པར་སྤྲད་པ་རེད། མི་དམངས་ཉེན་རྟོག་པས་རྒྱུ་དངོས་ལ་མི་རྔམ་པའི་བྱ་སྤྱོད་ལ་བསྟོད་བསྔགས་བཏང་བ་མ་ཟད། ད་དུང་བོར་དངོས་ཐོ་འགོད་ཀྱང་བྱས་པ་རེད།
རྒྱུ་དངོས་ལ་མི་རྔམ་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ། ཀུན་སྤྱོད་བཟང་པོ་དང་བླ་ན་མེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན། སློབ་མ་དེ་གཉིས་ཀྱི་སྤྱོད་བཟང་ལ་བསྔགས་བརྗོད་བྱ་ཆེད། ཉིན་དེའི་ཕྱི་དྲོར་ཧར་པིན་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཆེད་མངགས་སློབ་ཆས་ཉོས་ཏེ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་དཔང་པོའི་འོག་ཕུན་ཚོགས་དོན་ལྡན་དང་ཀུན་དགའ་ཕུན་ཚོགས་ལ་བསྟོད་བསྔགས་བཏང་བ་དང་ཆབས་ཅིག སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་སློབ་གྲོགས་དེ་གཉིས་ལ་སློབ་སྦྱོང་བྱས་ནས་རྒྱུ་དངོས་ལ་མི་རྔམ་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། མི་བཟང་ལས་བཟང་ཧུར་ཐག་བསྒྲུབས་ནས་བདེན་ལེགས་མཛེས་གསུམ་གྱི་སྤྱོད་བཟང་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།