03

ཆུ་ཤུར་རྫོང་གིས་2024ལོའི་དཔྱིད་དུས་དམག་ཞབས་ཐིམ་པའི་དམག་མིའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ། 2024年06月04日

འདི་ནི་2024ལོའི་དཔྱིད་དུས་དམག་ཞབས་ཐིམ་པའི་དམག་མི་ཚོར་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་དང་སྤྲོད་གཅིག་མའི་ཁ་གསབ་དངུལ་སྤྲོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཆུ་ཤུར་རྫོང་གི་2024ལོའི་དཔྱིད་དུས་དམག་ཞབས་ཐིམ་པའི་དམག་མིའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རྫོང་དེའི་2024ལོའི་དཔྱིད་དུས་དམག་ཞབས་ཐིམ་པའི་དམག་མི་དང་། དེ་དང་འབྲེལ་བ་ཡོད་པའི་ཤང་དང་གྲོང་རྡལ་གྱི་ཁག་བགོས་དོ་དམ་འགོ་ཁྲིད་དང་དེ་བཞིན་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་བྱེད་པ་ཚང་མ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུར་ཞུགས་མཁན་འགོ་ཁྲིད་ཀྱིས་2024ལོའི་དཔྱིད་དུས་དམག་ཞབས་ཐིམ་པའི་དམག་མིར་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་དང་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་དངུལ་སྤྲད་པ་རེད། དེ་རྗེས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་པས་དམག་ཞབས་ཐིམ་པའི་དམག་མིར་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཀྱི་གནད་དོན་ལ་ལན་བཏབ་པ་དང་འབྲེལ་ཚོགས་འདུར་ཞུགས་མཁན་སྒྲིག་འཛུགས་བྱས་ནས་སྤེལ་རེས་དང་གྲོས་བསྡུར་ཡང་བྱས་པ་རེད། དམག་ཞབས་ཐིམ་པའི་དམག་མིས་དམག་དཔུང་ལ་ཐེངས་གཉིས་ཞུགས་པ་དང་། སྨན་བཅོས་འགན་བཅོལ། ཆེད་ལས་མེ་གསོད་རུ་མིའི་ཡིག་རྒྱུགས་ཐོ་འགོད། གཞུང་ལས་པའི་ཡིག་རྒྱུགས་ལ་ཞུགས་པ་སོགས་ཐད་བློ་འདྲི་བྱས་པ་དང་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་། རྫོང་སྨན་བཅོས་འགན་བཅོལ་ཅུས། ཤང་དང་གྲོང་རྡལ་ཁག་བཅས་ཀྱིས་ལན་བཏབ་པ་མ་ཟད། འབྲེལ་ཡོད་རེ་ཞུ་ཐོ་བཀོད་ཞིབ་ཚགས་བྱས་ནས་སྔར་བས་ཞབས་འདེགས་ཡག་པོ་ཞུ་ཆེད་གྲ་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ཆེད་དོན་འབྲེལ་མཐུད་དང་རོགས་སྐྱོར་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནང་འདོད་བློ་བསྡུ་རུབ་དང་། སྲིད་ཇུས་ལ་གསལ་འགྲེལ། ལས་གནས་ཁྱབ་གདལ་བཅས་ཚུད་ཡོད་པ་དང་། དེ་དང་ཆབས་ཅིག་དམག་ཞབས་ཐིམ་པའི་དམག་མི་སྤྱི་ཚོགས་ནང་ཞུགས་ནས་ཆུ་ཤུར་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

ད་ཐེངས་ཀྱི་བྱེད་སྒོས་ཆུ་ཤུར་རྫོང་གི་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གང་ལེགས་དང་། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་ལས་དོན་གྱི་འགན་འཁྲི་བརྟན་གཏོང་། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་དང་ལས་གཏོད་ཀྱི་སྔོན་ཐོན་ཉམས་མྱོང་སྤེལ་རེས། དམག་ཞབས་ཐིམ་པའི་དམག་མིའི་དཀའ་ངལ་དངོས་ཉན་པ་དང་ཐག་གཅོད་བཅས་བྱས་ནས་རྫོང་དེའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་མ་ལག་གི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད།