འདི་ག་ཚགས་པར་ཁང་དུ་གཏིང་སྐྱེས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་བཀྲ་ཤིས་སྒང་ཤང་དང་ཆབ་ཤང་མངགས་གཏོང་ཁང་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་བརྟེན་ནས་ཏང་ཡོན་མཉམ་འབྲེལ་གྱི་སྐོར་ཞིབ་ཉེན་ཟོན་རུ་ཁག་བཙུགས་ཐོག་རི་ཁུལ་གྱི་ལྟེ་བར་རྐང་ཐང་མར་སྐོར་ཞིབ་ཉེན་ཟོན་དུ་བསྐྱོད་དེ་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གངས་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་རེད།
བཀྲ་ཤིས་སྒང་ཤང་དང་ཆབ་ཤང་ནི་ས་སྦྲེལ་ཡིན་པ་དང་ས་ཁོངས་རྒྱ་ཆེ་ལ་ས་དབྱིབས་རྙོག་འཛིང་ཆེ་ཞིང་ཕྱུགས་འཚོ་ས་ཁ་ཐོར་བ་དུ་གནས་པ་མ་ཟད་རི་ལམ་ཐག་རིང་བས། དེ་ནི་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་གི་ཉམས་ཞན་ས་ཁོངས་ཤིག་རེད། ད་ཐེངས་ཀྱི་བྱེད་སྒོ་དེས་སུའོ་གཅིག་རང་གིས་ལས་དོན་སྒྲུབ་པའི་བྱེད་སྟངས་དོར་ནས་སུའོ་གཉིས་ཀྱི་ཉེན་རྟོག་པས་ཕན་ཚུན་གཞོགས་འདེགས་ཀྱིས་འགན་འཁྲི་བསྒྲུབས་ཏེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་ཚོགས་ཁང་ནས་དོན་ཏེ་འཐབ་ས་དང་པོར་གཞི་ཚུགས་པར་བྱས་པས། ཐག་རིང་ལུང་ཁུག་ས་ཁོངས་ཀྱི་སྐོར་ཞིབ་ཉེན་ཟོན་གྱི་ཁུག་ས་དང་དོ་དམ་ཚོད་འཛིན་ཉམས་ཞན་ས་ཁོངས་སོགས་ཀྱི་ཞན་ཆ་ནུས་ལྡན་གསབ་ཐུབ་ཡོད་ལ་གཞི་རིམ་གྱི་ཉེན་དོན་མཉམ་བཅོས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་ནས། ཏང་འཛུགས་སྐྱོང་གིས་སྤྱི་བདེའི་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་མཐུན་རྐྱེན་སྦྱར་ཐུབ་ཡོད་པ་རེད།