《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས།

ལག་བསྟར་མ་བྱས་གོང་གི་ལྕག་སྐུལ་ལས་སྤུས་འབྲས་ལེགས་གཉེར་བྱུང་ནས་མང་ཚོགས་ལ་གྱོད་ཁ་ཐོབ་པའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ།

འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་དིང་རི་རྫོང་ཁྲིམས་ཁང་གིས་གྱོད་གཞི་གཉིས་ཀྱི་ལག་བསྟར་བྱ་ཡུལ་ལ་རང་འགུལ་ངང་བཅའ་ཁྲིམས་ཀྱི་འོས་འགན་སྒྲུབ་དུ་བཅུག་ཅིང་། རིམ་རྩིས་བརྒྱབ་ན་གྱོད་འབྲེལ་དངུལ་སྒོར་ཁྲི་9.5སྤྲད་པས་གྱོད་ཁ་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་སྟེ། བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཟབ་བྱུང་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། གྱོད་གཞི་དེ་གཉིས་ནི་ལག་བསྟར་དུས་བཅད་ཐིམ་ཡང་འབྲེལ་ཡོད་ལག་བསྟར་བྱ་ཡུལ་གྱིས་དུས་བཀག་ནང་གོ་ཆོད་བཅའ་ཁྲིམས་ཡིག་རིགས་ཀྱིས་གཏན་ལ་ཕབ་པའི་འོས་འགན་ཁྲིམས་བཞིན་སྒྲུབ་མེད་པ་ཞིག་རེད། གྱོད་གཞི་ཐད་ཀར་བཙན་ཤེད་ལག་བསྟར་གྱི་བརྒྱུད་རིམ་ལ་འགྲོ་མི་དགོས་པའི་ཆེད་ཁྲིམས་ཁང་གི་ལག་བསྟར་མ་བྱས་གོང་གི་ལྕག་སྐུལ་ལས་དོན་མི་སྣས་གྱོད་གཞིར་དབྱེ་བཤེར་དང་བརྡར་གཅོད་གནད་སྨིན་བྱས་ཏེ་གྱོད་གཞིའི་དམིགས་རྟེན་གྲངས་ཚད་དང་། ལག་བསྟར་བྱ་ཡུལ་གྱི་ལག་བསྟར་བྱེད་ནུས་དངོས། གྱོད་གཞིའི་འགལ་ཟླ་དང་རྩོད་གཞི་ཚབས་ཆེ་ཆུང་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་རྗེས་གྱོད་གཞིར་ལག་བསྟར་མ་བྱས་གོང་གི་ལྕག་སྐུལ་ཆ་རྐྱེན་འཛོམས་པའི་གཏན་འཁེལ་བྱས་པ་རེད། ཁྲིམས་ཆད་ལག་བསྟར་རེ་ཞུ་བྱེད་མཁན་གྱི་མོས་མཐུན་ཐོབ་རྗེས་ཁྲིམས་ཁང་གིས་ཁྲིམས་ལྟར་ལག་བསྟར་མ་བྱས་གོང་གི་ལྕག་སྐུལ་གོ་རིམ་སྤྱད་དེ་བཙན་ཤེད་ལག་བསྟར་གྱི་གྱོད་དོན་ཐོ་འགོད་བྱ་རྒྱུ་གནས་སྐབས་ནར་འགྱངས་བྱས་ནས། བབ་བསྟུན་ཁྲིམས་འཛིན་གྱི་ཐབས་ལ་བརྟེན་ཏེ་རྩོད་གཞི་སྔོན་ཚུད་ནས་ཐག་གཅོད་ཡག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། (བསྟན་བློས་སྒྱུར་ཞུས་བྱས)