《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས།

མང་ཚོཌ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་རྩོད་གཞི་ཁག་གཅིག་བསལ་བ།

འདི་ག་ཚགས་པར་ཁང་དུ་རྒྱལ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་ལས་གྲྭས་དངུལ་ཆད་པ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་རྩོད་གཞི་ཁག་གཅིག་ནུས་ལྡན་ངང་བསལ་ཞིང་། གྱོད་འབྲེལ་དངུལ་སྒོར་ཁྲི་156.87བདེ་བླག་ངང་སྤྲོད་དུ་བཅུག་སྟེ། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པར་དོ་བདག་གི་ཁས་ལེན་གང་ལེགས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྩོད་གཞི་ཁག་གི་གྲས་སུ་ཁྱོན་རྩོད་གཞི་25ཡོད་པ་དང་གྱོད་འབྲེལ་དངུལ་ཁོངས་སུ་མང་ཚོགས་100ལྷག་ཙམ་གྱི་ངལ་ནུས་གླ་ཆ་དང་། འཕྲུལ་འཁོར་བོགས་གཏོང་གླ་ཆ། སྐྱེལ་འདྲེན་གླ་ཆ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གླ་ཆ་མང་པོ་ཞིག་ཚུད་ཡོད། དེ་ནི་མང་ཚོགས་དང་འབྲེལ་བ་ཡོད་པའི་དམངས་འཚོའི་དཔེ་མཚོན་རྩོད་གཞི་ཞིག་རེད། གྱོད་སྒྲུབ་ཁྲིམས་དཔོན་གྱིས“གྱོད་ཐག་གཅོད་ཚད་ལ་སྣང་ཆེན་དང་ཁ་ཆད་ལག་བསྟར་ལ་སྣང་ཆུང་བྱེད་པའི”ཕྱོགས་རེ་བའི་སྲིད་སྐྱོང་ལས་རྗེས་ཀྱི་བསམ་བློ་མཐའ་གཅིག་ཏུ་དོར་ཞིང་། ངལ་གསོའི་དུས་ཚོད་སྤྱད་དེ་གྱོད་འབྲེལ་རྩིས་ཐོ་སྣ་ཚོགས་ལ་ལྟ་ཞིབ་ལེགས་སྒྲིག་བྱས་པ་དང་། གྱོད་འབྲེལ་ཁེ་ལས་དང་། གྲོང་ཚོ་ཨུ་ལྷན། དོ་བདག་མང་ཚོགས་སོགས་ལ་འདྲི་རྟོགས་བྱེད་པར་ཐེངས་མང་བསྐྱོད་ནས་ངང་རྒྱུད་རིང་པོས་བཅའ་ཁྲིམས་གསལ་འགྲེལ་དང་གོ་བསྐོན་བློ་འགུག་བྱས་པ། གྲོས་མོལ་ཐེངས་མང་གིས་དངུལ་སློག་པའི་ཇུས་གཞི་བཟོ་བ་བཅས་བྱས་ཏེ། གྱོད་འབྲེལ་ཁེ་ལས་ལ་དུས་བཀག་ལྟར་ཆད་དངུལ་ཚང་མ་ཆད་ལུས་མེད་པར་གཙང་འཇལ་བྱེད་བཅུག་ཡོད། དེའི་རིང་གྱོད་གཞི་ཚང་མར་བཙན་ཤེད་ཀྱི་ལག་བསྟར་གོ་རིམ་སྤྱོད་དགོས་བྱུང་མེད་པ་རེད།