《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年09月15日

སྣང་ཚུལ་ངན་པ་བཅོས་སྒྲིག་དང་། རྫུན་བཟོར་རྡུང་རྡེག འབྱུང་རྩ་གཙང་བཟོ་བཅས་བྱས་པ།

ཉེ་ཆར། བརྙན་ཐུང་ལས་སྟེགས་འགའ་ཞིག་གི་ཐད་གཏོང་ཁང་དུ“ཡིག་གཟུགས་དང་རི་མོ་མཁས་ཅན་གྱི་བརྩམས་ཆོས”ཡིན་ཁུལ་བྱས་ཏེ་འཚོང་གི་ཡོད་པ་དེའི་རིན་གོང་ཧ་ཅང་དམའ་ཞིང“མཁས་པ་ཆེན་པོའི་བརྩམས་ཆོས”ཤིག་ཉོ་བར་སྒོར་བཅུ་གྲངས་ནས་བརྒྱ་གྲངས་བར་ལས་སྤྲོད་དགོས་ཀྱི་མེད། འཛད་སྤྱོད་པ་རྒན་དར་དང་ཉར་ཚགས་བྱེད་མཁན་ལག་གསར་མི་ཉུང་བ་ཞིག་གིས་ཁེ་བཟང་རག་སོང་ཨང་སྙམ། འོན་ཀྱང་ཉོས་ཚར་རྗེས་གཞི་ནས་མགོ་སྐོར་ཐེབས་པ་ཤེས་ཀྱི་ཡོད།

“ཤིན་ཧྭ་དོ་གནད”ཀྱི་གསར་འགོད་པས་ཐད་གཏོང་ཁང་དེ་རིགས་ནས་འཚོང་བའི“ཡིག་གཟུགས་དང་རི་མོ་མཁས་ཅན་གྱི་བརྩམས་ཆོས”ཡིན་ཁུལ་བྱས་པ་དེ་ནི་དོན་དངོས་ཐོག་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་ཡོད།

ཐད་གཏོང་ཁང་ནས་རིན་གོང་དམའ་པོས“མི་སྣ་གྲགས་ཅན་གྱི་ཡིག་གཟུགས་དང་རི་མོ་མཁས་ཅན་གྱི་བརྩམས་ཆོས”འཚོང་བའི་སྣང་ཚུལ་ངན་པར་དམིགས་ནས་ས་གནས་ཁག་གི་ལྟ་འདོམས་སྡེ་ཚན་དང་དེ་བཞིན་དྲ་ཐོག་ཚོང་དོན་ལས་སྟེགས་འགའ་ཞིག་གིས་བཅོས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད།