ཉེ་ཆར། སྐམ་དམག་ཨང་དགུ་ལྔ་དྲུག་སྨན་ཁང་གིས“བདེ་ཐང་མཐའ་སྲུང”གི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། ཆེད་དོན་སྨན་བཅོས་རུ་ཁག་བཙུགས་ཏེ་ལམ་ཐག་རིང་བའི་མེ་ཏོག་གི་མཐའ་སྲུང་འཐབ་ས་དང་པོར་བསྐྱོད་ནས་མཐའ་སྲུང་ལས་སྒྲུབ་བྱ་ཡུལ་དང་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོར་མཐའ་སྲུང་དཔོན་དམག་དང་མཐའ་མཚམས་མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་སྲུང་སྐྱོང་གནད་སྨིན་བྱས་ཏེ། མཐའ་མཚམས་ཀྱི་བདེ་ཐང་སྲུང་བཅད་བརྟན་པོ་བསྐྲུན་པ་རེད།
སྐོར་སྐྱོད་སྨན་བཅོས་རུ་ཁག་ལ་བསྡོམས་སྨན་བཅོས་རིགས་གཅིག་མཁས་ཅན་12ཡོད་ཅིང་། དེའི་ནང་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་གསོ་རིག་ལྟེ་གནས་དྲུག་པའི་ཚབ་སྒྲུབ་རིགས་གཅིག་མཁས་ཅན་4དང་དེ་བཞིན་སྨན་ཁང་གི་རུས་ནད་ཚན་ཁག་དང་། གཅིན་ལམ་ཚན་ཁག ནད་ཐོག་བདག་སྐྱོང་སོགས་ཀྱི་རིགས་གཅིག་མཁས་ཅན་དང་རྐང་འཛིན་པ་ཚུད་ཅིང་། ཁོང་ཚོས་དམག་དམངས་ཀྱི་སྨན་བཅོས་དགོས་མཁོ་གང་ལེགས་བསྐངས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཉིན་8ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་སྒོའི་རིང་། སྨན་བཅོས་རུ་ཁག་ཕར་འགྲོ་ཚུར་འོང་སྤྱི་ལེ་1600བྱས་པ་དང་། འདམ་རྫབ་དང་། རི་ཉིལ་བ། གྲོག་རོང་དུ་སྨུག་སྤྲིན་འཁྲིགས་མང་བ་སོགས་འགྲོ་ལམ་གྱི་དཀའ་ངལ་ཁྱད་དུ་བསད་ཅིང་། ཐར་ཐོར་དུ་ཡོད་པའི་མཐའ་སྲུང་སོ་ལྟ་ཁང་དང་མཐའ་མཚམས་གྲོང་ཚོ་11ལ་བསྐྱོད་ནས་སྨན་བཅོས་བྱས་པ་རེད།
པར་འདི་དག་ནི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་དཔོན་དམག་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།