《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月25日

“ཨང་རྟགས་རྫུན་བཟོའི”མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།

འདི་ནི་ཨང་རྟགས་རྫུན་མ་བཟོས་ནས་ཞལ་འདེབས་ཁ་བསླུས་རྒྱག་བཞིན་པ།

ཉེ་ཆར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དུས་ཡུན་ཟླ་3རིང་གི“དྭངས་གསལ། ཨང་རྟགས་ཀྱི་མིང་དང་ཆ་འཕྲིན་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ཨང་རྟགས་རྫུན་བཟོར་བརྟེན་ནས་ཞལ་འདེབས་ཁ་བསླུས་རྒྱག་རིགས་གཙོ་གནད་བཅོས་སྒྲིག་གི་མངོན་གསལ་དོད་པའི་གནད་དོན་གྱི་གྲས་སུ་བརྩི་རྒྱུ་གཏན་འཁེལ་ཁ་གསལ་བྱས་ཡོད། ནད་པའམ་ནད་པའི་ནང་མིར་བརྫུས་ནས་དེའི་ཨང་རྟགས་ཀྱི་ཆ་འཕྲིན་རྐུ་བཤུས་བྱས་ཏེ། ནད་པས་སྨན་པ་བསྟེན་པའི་སྐོར་གྱི་བརྙན་ལམ་འབོར་ཆེན་འདྲ་བཟོ་བྱས་པ་ལ་སོགས། སྐབས་ཤིག་རིང་རྫུན་བཟོའི་ཨང་རྟགས་ཁག་གཅིག་གིས་དྲ་རྒྱའི་ལས་སྟེགས་ཐོག་ཚབས་ལྕིའི་ནད་པའམ་དེའི་ནང་མིར་བརྫུས་ནས་དྲ་གྲོགས་ལ་རོགས་སྐྱོབ་ཞུས་ཏེ། གཅེས་སེམས་མི་སྣའི་རྒྱུ་དངོས་འབོར་ཆེན་ཁ་བསླུས་བརྒྱབ་ཡོད། དེ་ལས་ནད་པའི་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་། སྤྱི་ཚོགས་ཐོག་གི་སེམས་བཟང་དང་ཡིད་ཆེས་ཤོར་བ་མ་ཟད། ད་དུང་དྲ་རྒྱའི་ཁོར་ཡུག་ལའང་གནོད་འཚེ་ཕོག་ཡོད།