ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ།
ལག་ལེན་ཁྲོད་བོགས་གཏོང་གན་རྒྱ་འཇོག་སྐབས་ཁང་གླ་སྤྲོད་སྟངས་དང་ཁ་ཆད་ལས་འགལ་བའི་འགན་འཁྲི་སྔོན་ནས་ཁ་གསལ་བཟོ་དགོས། མཉམ་ལས་ཀྱི་གྲོས་མཐུན་འཇོག་སྐབས་ནོར་དོན་མཉམ་གཉེར་དང་ཕྱིར་འཐེན་གཙང་རྩིས་ལམ་སྲོལ་ཚད་ལྡན་དུ་གཏོང་དགོས། རྩིས་ཁྲ་མཉམ་བསྲེས་དང་འགན་དབང་གསལ་པོ་མེད་པ་སོགས་ལས་རྩོད་གཞི་མང་པོ་ཐོན་སླ་བ་དང་རྩིས་འགྲོ་ཐོན་པའི་ཁྲུན་བཅད་ལག་ལེན་མ་བསྟར་རིགས་ལ་མི་སྒེར་གྱི་རྒྱུ་ནོར་བསྡམས་བཅད་དང་། ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་འཇུག་པ། ཁྲིམས་འཛིན་བཀག་ཉར་སོགས་དང་ཐ་ན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།
མ་གཞི་དེ་ནི་དོ་བདག་གསུམ་དབར་གྱི་སྡོད་ཁང་བོགས་གཏོང་གི་གནད་དོན་སྟབས་བདེ་ཞིག་ཡིན་མོད། འོན་ཀྱང་གྱོད་འབྲེལ་རྩོད་གཞི་མང་པོ་ཐོན་དོན་གང་ཡིན་ནམ། དུས་ཐེངས་འདིའི“སྒྲོལ་མས་ཁྲིམས་ཤོད་པའི”ལེ་ཚན་ནང་གསར་འགོད་པས་ཚང་མར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་དོ་བདག་གསུམ་དབར་ཐོན་པའི་རྩོད་གཞི་ཐག་གཅོད་བྱས་ཚུལ་ངོ་སྤྲོད་བྱ་རྒྱུ་ཡིན།
གཞི་རྩའི་གནས་ཚུལ།
2023ལོར། དབང་ཆེ་གེ་མོས་རང་ཉིད་ཀྱི“ཇོ་རིའི་གྲོང་རྡལ་ཆུང་ངུར”གནས་པའི་སྡོད་ཁང་སྟར་པ་གཅིག་མའེ་ཆེ་གེ་མོ་དང་དབྱང་ཆེ་གེ་མོར་བོགས་མར་བཏང་བ་དང་བོགས་གཏོང་དུས་ཡུན་ལོ་བཅུ་ཡིན་པ་རེད། མའེ་ཆེ་གེ་མོ་དང་དབྱང་ཆེ་གེ་མོས་མཉམ་ལས་གྲོས་མཐུན་བཞག་སྟེ་གསོལ་མགྲོན་ཁང་ཞིག་མཉམ་དུ་གཉེར་ཞིང་། དེ་རྗེས་གཉེར་སྐྱོང་བྱེད་སྟངས་མི་འདྲ་བའི་དབང་གིས་མའེ་ཆེ་གེ་མོ་དང་དབྱང་ཆེ་གེ་མོའི་དབར་འགལ་ཟླ་ཆེན་པོ་ཐོན་ནས་དབང་ཆེ་གེ་མོར་ཁང་གླ་དུས་ཡུན་རིང་པོ་རག་མེད། མཐར་དོ་བདག་གསུམ་དབར་སྔ་རྗེས་སུ་ཞུ་གཏུག་མ་བྱས་གོང་གི་སྲུང་སྡོམ་དང་། བོགས་གཏོང་གན་རྒྱ། མཉམ་ལས་གན་རྒྱ། ཉེས་དོན་རང་གཏུག་སོགས་ཀྱི་གྱོད་གཞི་ཁག་མང་པོ་ཐོན་ཞིང་། གྱོད་གཞི་རྙོག་དྲ་ཚ་བ་དང་འགལ་བ་མང་པོ་མཉམ་དུ་ཐོན་ཏེ་དོ་བདག་གསུམ་དབར་གྱི་རྩོད་གཞིའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
ལག་བསྟར་བརྒྱུད་རིམ།
གྱོད་གཞི་ལག་བསྟར་བྱེད་རིང་། དིང་རི་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང“མཱ་ཤིས་ཝུའུ་ཡི་འདྲི་གཅོད་བྱེད་སྟངས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། གྱོད་གཞི་ཐག་གཅོད་བྱ་རྒྱུ་རྩ་བའི་དམིཌ་ཡུལ་དུ་བྱས་ནས་ངར་འཇམ་གཉིས་ལྡན་གྱི་ལག་བསྟར་བྱེད་ཐབས་སྤྱད་ཡོད།
འཇམ་ཐབས་སྤྱོད་པའི་ཐད། ཁྲིམས་དཔོན་གྱིས་ཇོ་རིའི་མི་དམངས་ཁྲིམས་ཁང་གི“8848ཀྱི་ཞི་མཐུན་ས་ཚུགས”ཀྱི་དིང་དང་སུའོ་ཡི་མཉམ་སྒུལ་ལམ་སྲོལ་ལ་བརྟེན་ནས། མཐའ་མཚམས་མངགས་གཏོང་ཁང་དང་མཉམ་དུ་གྱོད་གཞི་ཐོན་ཡུལ་དུ་བསྐྱོད་དེ་གྱོད་གཞིའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ཅི་འཕྲོས་མོལ་འཕྲོས་བཤད་ནས་རྩོད་གཞིའི་དོ་གནད་བསྡུ་རུབ་བྱས་ཡོད། དེ་དང་ཆབས་ཅིག ལག་བསྟར་མ་བྱས་གོང་གི་ལྟ་སྐུལ་བརྒྱུད་རིམ་ལག་ལེན་བསྟར་ཏེ་དུས་ཐོག་དྲན་སྐུལ་དང་། བཅའ་ཁྲིམས་འགྲེལ་བཤད། མཇུག་འབྲས་གླེང་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་བྱེད་སྟངས་བརྒྱུད་ཕྱོགས་ཁག་གིས་རྩོད་གཞི་ཐག་གཅོད་ཡང་དག་བྱེད་པར་ལྟ་སྐུལ་བྱས་ཡོད།
ངར་ཐབས་སྤྱོད་པའི་ཐད། ལག་བསྟར་བྱ་ཡུལ་གྱི་མིས་ལག་བསྟར་བྱེད་པར་གཡོལ་བ་དང་ལག་བསྟར་གཏན་ནས་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་ལ་དམིགས་ནས། ཁྲིམས་དཔོན་གྱིས་བསྡམས་བཅད་དང་ཁྲིམས་འཛིན་བཀག་ཉར་སོགས་ཀྱི་བཙན་ཤེད་བྱེད་ཐབས་སྤྱད་དེ། ལག་བསྟར་གཏན་ནས་མི་བྱེད་པའི་བྱེད་སྤྱོད་ལ་ཟིལ་གནོན་ནུས་ལྡན་ཆགས་པར་བྱས་ཡོད། “མཉམ་སྒུལ་འདུམ་འགྲིག་དང་ལག་བསྟར་ཟིལ་ཤུགས”ཟུང་འབྲེལ་གྱི་ནུས་པའི་འོག ཕྱོགས་ཁག་དབར་ཞི་མཐུན་གྱི་གྲོས་མཐུན་མང་པོ་བཞག་ནས་ཆད་པའི་ཁང་གླ་དང་གསོལ་མགྲོན་ཁང་གི་མཛེས་བཟོ་དང་སྒྲིག་བཟོ་སོགས་ཕན་ཚུན་ཁ་འཐབ་བཏང་ཡོད།
ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་གྱོད་གཞི་བདེ་བླག་ངང་གྱོད་ཐག་བཅད་ཡོད་པ་རེད།
དོ་བདག་གསུམ་དབར་གྱི་རྩོད་གཞི་ནས་བསམ་པ་གཅིག་མཐུན་བར་དང་གྱོད་གཞི་སྣ་མང་མཉམ་དུ་ཐོན་པ་ནས་དུས་གཅིག་ཏུ་ཐག་གཅོད་བྱེད་པའི་བར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྲིམས་ཀྱི་དབང་ཆ་དེ་དངུལ་སྨར་དུ་བསྒྱུར་ཏེ་མི་དམངས་མང་ཚོགས་ཚོས་གྱོད་གཞིའི་ཁྲོད་ནས་ཐོན་པའི་གཞུང་དྲང་དྲང་བདེན་ངང་ཕན་པ་ཚོར་ཐུབ་པར་བྱས་ཡོད།