འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་སློབ་གསོ་སློབ་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོགས་ཤིང་། ཚོགས་འདུར་བོད་རང་སྐྱོང་ལྗོངས་སློབ་གསོ་སློབ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བདུན་པ་བདམས་ཐོན་བྱུང་བ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་སློབ་གསོ་སློབ་ཚོགས་ཀྱི་སྒྲིག་ཡིག》དང་དེ་བཞིན་འབྲེལ་ཡོད་དོ་དམ་ལམ་ལུགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་སློབ་གསོ་སློབ་ཚོགས་ཀྱི་སྒྲིག་ཡིག》ནང་། སློབ་ཚོགས་ཀྱི་རྩ་འཛུགས་སྒྲོམ་གཞི་དང་། ཕྱི་ཕྱོགས་ཀྱི་མཚོན་རྟགས་དང་མིང་། ལས་སྒོའི་ཁྱབ་ཁོངས། རྒྱུ་ནོར་དོ་དམ། ཚོགས་མི་དོ་དམ་སོགས་ཚུད་ཡོད། དེས་སློབ་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་ཕྱིན་ཡོད་པ་རེད།