ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རྩ་ལ་ཤང་གིས་ཤང་དང་གྲོང་ཚོ་ཡོངས་ཀྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་བསང་སྦུག་གྲོང་ཚོར་སྐོང་སྟེ་ཁྲིམས་སྐྱོང་དཔེ་སྟོན་འཐབ་སའི་ས་གནས་ས་ཐོག་གི་ལྟ་སྐོར་ཁྲིམས་སྦྱོང་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་དངོས་སྒྲུབ་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱས་ཤིང་། འདི་ནི་རྩ་ལ་ཤང་གི་ཤང་དང་གྲོང་ཚོ་ཡོངས་ཀྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་བསང་སྦུག་གྲོང་ཚོའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྐྱོང་འཐབ་སར་ལྟ་སྐོར་བྱེད་བཞིན་པ།