ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
ཁྲིམས་སྒྱུར་མི་སྣས་གློག་སྒུལ་སྦག་སྦག་ཚོང་ཁང་དང་། གྲོང་མིའི་ཁུལ་ཆུང་། ཞིང་ནང་དང་མུ་ཁ་བཅས་སུ་བསྐྱོད་དེ་གློག་རྫས་ཀྱི་ཚད་ལྡན་རང་བཞིན་ལ་ཞིབ་བཤེར་བྱས་ནས“གནམ་སྐུད་གློག་གསོག”ལ་བཅོས་སྒྲིག་བྱས་པ་མ་ཟད། བོད་རྒྱ་སྐད་ཡིག་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། མངགས་སྐྱེལ་བ་དང་མྱུར་སྐྱེལ་བར་དམིགས་ནས། ཆེད་དོན་གསོ་སྦྱོང་བྱས་ཏེ་ཚད་ལྡན་གྱི་གློག་གསོག་ཐབས་ཤེས་བསླབ་པ་མ་ཟད་མེ་གསོད་ཡོ་བྱད་སྤྱོད་སྟངས་ཀྱང་བསླབ་པ་རེད།