《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年08月04日

རུ་ཐོག་རྫོང་ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་ཅུས་ཀྱིས་ནུས་ཤུཌ་བཏོན་ནས་ཚོང་གཉེར་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོང་བྱེད་པ།

འདི་ག་ཚགས་པར་ཁང་དུ་རུ་ཐོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་ཅུས་སོགས་སྡེ་ཚན་དང་མཉམ་དུ“ཞིབ་དཔྱོད་ཁང་དང་ཁྲིམས་འཛིན་ཅུས་མཉམ་དུ་ཚོང་གཉེར་ཁོར་ཡུག་དང་ཉེ་བར་བཅར”ཞེས་པའི་ཆེད་དོན་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་སེམས་རྩ་འཁོལ་བའི་ཁྲིམས་སྐྱོང་ཞབས་ཞུར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་འགྲོ་བར་མཐུན་རྐྱེན་སྦྱར་བ་རེད།

བྱེད་སྒོ་སྤེལ་རིང་ལས་དོན་པས་གཙོ་གནད་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། དེ་བཞིན་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་20ལྷག་ཙམ་ལ་འདྲི་རྩད་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་རིང་གི་ཁྲིམས་སྐྱོང་གི་འགག་གནད་དང་དཀའ་གནད་ལ་གྲལ་བཤེར་གནད་སྨིན་བྱེད་པ། འབེན་གཏད་དཀའ་གནད་སེལ་བ་བཅས་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ཡོད།