《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月28日

བོད་དམག་ཁུལ་ཁང་གིས་2026ལོའི“གངས་ལྗོངས་ཀྱི་དམག་ཧྲག་བུམ་པའི”ཡུག་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་བྱས་པ།

འདི་ནི་དཔོན་དམག་ཚོས་ཚ་ཚ་འུར་འུར་ངང་འགྲན་བསྡུར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དམག་སྒར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་དཔོན་དམག་གི་དམག་འཐབ་སྤྱོད་ཚུལ་ལ་ཞུན་བརྡར་བྱ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གིས་2026ལོའི“གངས་ལྗོངས་ཀྱི་དམག་ཧྲག་བུམ་པའི”ཡུག་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་འགོ་ཚུགས་ཤིང་། གངས་ལྗོངས་མཐའ་མཚམས་འགག་སྒོར་སྤྲོ་སེམས་རབ་ཏུ་འཁོལ་བའི་ལན་ཆིའུ་སྤོ་ལོའི་ཚ་རླབས་ཤིག་འཕྱུར་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ནི་རིམ་པ་བཞིན་ལེགས་འདེམས་དང་ཚད་ལྡན་དང་དམ་ནན་བྱས་ཏེ། ཚན་པས་འོས་སྦྱོར་དང་ཐོབ་ཐང་ཞིབ་བཤེར་བྱས་པ་བརྒྱུད། དཔུང་ཁག་རྩེ་གྲ་6གདམ་གསེས་བྱས་པ་དང་འགྲན་ཞུགས་དཔོན་དམག་ཁྲོད་ས་མཐོའི་འཐབ་ཕྱོགས་ཁག་གི་དམག་ཧྲག་གཅིག་ཏུ་བསྡུས་ཡོད། འགྲན་བསྡུར་ལ“ཚོགས་ཆུང་འགྲན་བསྡུར་དང་གྲལ་འབུད་འགྲན་བསྡུར”གྱི་དཔེ་དབྱིབས་ཟུང་དུ་འབྲེལ་ནས་བརྒྱུད་རིམ་ཧྲིལ་པོར་ཆེས་གསལ་པར་ལེན་ཐོ་འགོད་དང་ཆེད་ལས་ཤན་འབྱེད་པས་ཤན་འབྱེད་བྱས་ཏེ། བརྒྱུད་རིམ་ནན་པོར་བརྟེན་ནས་དྲང་གཞག་དྲང་བདེན་གྱི་འགྲན་རའི་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད།

ད་ཐེངས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནི་དཔུང་སྡེ་དེའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་་ཡིན་ཞིང་། དེས་དཔོན་དམག་གི་ལས་སྒོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། དེ་བས་དམག་སེམས་དང་དཔའ་སྟོབས་གཅིག་སྡུད་ནུས་ལྡན་བྱས་ཡོད།