འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས་བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གིས་དམག་སྦྱོང་དམག་གྲབས་ཀྱི་དོན་དངོས་ལ་གཞིགས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་གྱིས་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བྱས་ནས་གོ་མཚོན་འགན་སྲུང་གི་ཆེད་ལས་ལས་རིགས་ཀྱི་རྩལ་ནུས་དཔྱད་འདོམས་ཡིག་རྒྱུགས་དམག་སྒར་དུ་གཏོང་བའི་ལས་དོན་སྤེལ་ཏེ། སྲོལ་རྒྱུན་གྱི་གཅིག་སྡུད་དཔྱད་འདོམས་བྱེད་སྟངས་དང་། དཔུང་སྡེའི་བཅའ་སྡོད་དང་སྦྱོང་བརྡར་ཁ་ཐོར་ཆེ་ཞིང་། ལས་འགན་ལྕི་བ་དང་མི་སྣ་སྐབས་སྤྱོད་ཀྱི་ཉེན་ཁ་ཆེ་བ་སོགས་དངོས་ཡོད་འགལ་ཟླ་ནུས་ལྡན་ངང་བསལ་ཡོད།
དཔྱད་ཞིབ་བྱེད་རིང་། དཔྱད་ཞིབ་ཚོགས་ཆུང་གིས་བཅའ་སྡོད་སྦྱོང་བརྡར་བྱ་ཡུལ་དུ་བསྐྱོད་ནས་འཚང་གཡོལ་ངང་ཡིག་རྒྱུགས་སྒྲིག་འཛུགས་བྱས་ཤིང་། གོ་མཚོན་གྱི་དངོས་འཐབ་འགན་སྲུང་གི་རིག་ཚན་ལ་གཞིགས་ནས་དཔྱད་ཞིབ་ནང་དོན་བཀོད་སྒྲིག་བྱས་པ་དང་། ཡིག་རྒྱུགས་དཔྱད་ཞིབ་ཀྱི་ཚད་གཞི་དང་སྒྲིག་ལམ་ལག་བསྟར་ནན་པོ་བྱས་ཏེ། དམག་གྲབས་ལས་སྒྲུབ་མཚམས་མི་ཆད་པ་དང་དམག་གྲབས་དམག་མི་ཡིག་རྒྱུགས་ནང་མི་འཐེན་པའི་སྔོན་འགྲོའི་འོག་ཚད་གཞི་མཐོ་པོས་ལོ་འཁོར་གྱི་དཔྱད་འདོམས་ལས་འགན་ལེགས་གྲུབ་བྱས་ནས་དམག་གྲབས་ལྷོད་གཡེང་མི་གཏོང་བ་དང་། མི་སྣ་བདེ་འཇགས་ལྡན་པ། དཔྱད་ཞིབ་ཚད་གཞི་ལོན་པ། གཞི་རིམ་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་ཀྱི་ནུས་པ་བཞི་ཐོན་པར་བྱས་ཡོད།