འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། མིག་སྔར། ས་མཐོར་དབྱར་དུས་ཀྱི་འབྲུབ་ཆུ་རྒྱས་པའི་དུས་སུ་སླེབས་པ་དང་། ལུང་གཞུང་དུ་ཆར་པ་བབས་ཤུགས་ཆེ་བས་རི་རྙིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་ཉེན་ཆེ་རུ་ཕྱིན་ཡོད། དཔུང་སྡེའི་འཕྲལ་སྡོམ་ཉེན་སེལ་གྱི་དངོས་འཐབ་ནུས་པར་ཞུན་བརྡར་སྤྲོས་པ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་ཉེན་ཁ་ནུས་ལྡན་སེལ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་དཔུང་སྡེ་མང་པོས་ས་མཐོའི་ལུང་གཞུང་གི་གནོད་འཚེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་འབྲུབ་འགོག་གི་ཉེན་སེལ་གེགས་སེལ་གྱི་ནང་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་དུ་གེགས་སེལ་གྱི་རྣམ་པ་དངོས་ལ་ལད་མོ་བྱས་ནས་དཔོན་དམག་ཚོས་སྒྲིག་ཆས་བཀོལ་སྤྱོད་མགྱོགས་པོ་ཐུབ་མིན་དང་མཉམ་སྡེབ་ཀྱི་ཉེན་སེལ་ཕྱོགས་བསྡུས་ནུས་པར་ཞིབ་བཤེར་བྱས་ཡོད། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཡུལ་དམག་འཕྲལ་སྡོམ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་ཉེན་སེལ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ནང་སྦྱོང་བྱས་པ་རེད།
གོམ་སྟབས་རྗེས་མར། བོད་དམག་ཁུལ་ཁང་དཔུང་སྡེ་ཁག་གིས་ས་མཐོའི་དམིགས་བསལ་གྱི་གནོད་འཚེའི་ཁོར་ཡུག་ལ་གཞི་ཚུགས་པ་དང་རྣམ་པ་མང་བའི་འཕྲལ་སྡོམ་ནང་སྦྱོང་རྒྱུན་གཏན་ངང་སྤེལ་ནས་ཉེན་སེལ་གེགས་སེལ་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་སྟེ། དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།