《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月28日

བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གིས་འཕྲོད་བསྟེན་སྒྲིག་ཆས་དོ་དམ་གྱི་རྐང་འཛིན་པ་གསོ་སྦྱོང་བྱས་པ།

འདི་ནི་དཔོན་དམག་ཚོས་འཕྲོད་བསྟེན་སྒྲིག་ཆས་སྤྱོད་སྟངས་སྦྱོང་བཞིན་པ།

འདི་ནི་དཔོན་དམག་ཚོས་འཕྲོད་བསྟེན་སྒྲིག་ཆས་སྤྱོད་སྟངས་སྦྱོང་བཞིན་པ།

འདི་ནི་དཔོན་དམག་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ས་མཐོར་གསོ་རླུང་དཀོན་པ་དང་ཁོར་ཡུག་དམིགས་བསལ་ཡིན་པས། གསོ་རླུང་མཁོ་འདོན་འགན་སྲུང་དང་འཕྲོད་བསྟེན་སྒྲིག་ཆས་བཀོལ་སྤྱོད་དང་བདག་སྐྱོང་བྱེད་རྒྱུ་ནི་དཔོན་དམག་གི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་དང་མཐའ་སྲུང་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་འགག་རྩའི་འདེགས་སྐྱོར་ཞིག་རེད། “བོད་དམག་ཁུལ་ཁང་གི་བདེ་ཐང་ངང་ནས་མཐའ་མཚམས་སྲུང་བའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་ས་མཐོའི་ས་ཁོངས་ཀྱི་གསོ་རླུང་མཁོ་འདོན་འགན་ལེན་དང་འཕྲོད་བསྟེན་སྒྲིག་ཆས་ཚད་ལྡན་ཅན་གྱི་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གིས་གསོ་རླུང་བཟོ་བ་དང་མཁོ་འདོན་དང་འཕྲོད་བསྟེན་སྒྲིག་ཆས་དོ་དམ་གྱི་རྐང་འཛིན་པར་ཆེད་དོན་གསོ་སྦྱོང་བྱས་ཏེ་ས་མཐོའི་མཐའ་སྲུང་དཔོན་དམག་གི་གཟུགས་གཞི་བདེ་ཐང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

ད་ཐེངས་གསོ་སྦྱོང་གིས་ས་མཐོའི་མཐའ་སྲུང་དངོས་འཐབ་ཀྱི་དགོས་མཁོར་དམ་པོར་དམིགས་པ་དང་། ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། གནམ་གཤིས་ཞན་པ་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས། སློབ་ཚན་གནད་སྨིན་བཀོད་སྒྲིག་དང་། གསོ་རླུང་བཟོ་བ་དང་མཁོ་འདོན་གྱི་སྒྲིག་ཆས་ལས་དོན་གྱི་རྩ་བའི་རིགས་པར་གཙོ་གནད་ཐོག་འགྲེལ་བཤད་རྒྱག་པ། ས་མཐོར་རྒྱུན་རྣམ་ཅན་གྱི་སྒོ་ནས་གསོ་རླུང་མཁོ་འདོན་ཐུབ་པའི་འགན་ལེན་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག ས་མཐོའི་རྒྱུན་སྤྱོད་འཕྲོད་བསྟེན་སྒྲིག་ཆས་ཀྱི་རྒྱུན་གཏན་དོ་དམ་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་སློབ་ཁྲིད་བྱས་ཏེ་དོ་དམ་གྱི་ཚད་གཞི་གཅིག་གྱུར་དང་ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་རེད།

གསོ་སྦྱོང་ལ་ཞུགས་མཁན་དཔོན་དམག་ཚོས། ས་མཐོར་མཐའ་མཚམས་སྲུང་བ་དང་། འཐབ་གྲོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། ད་ཐེངས་གསོ་སྦྱོང་བྱས་པ་བརྒྱུད་ཆེད་ལས་ཀྱི་རྩལ་ནུས་ཆེ་རུ་ཕྱིན་པ་མ་ཟད“བདེ་ཐང་ངང་ནས་མཐའ་མཚམས་སྲུང་བའི”ལས་དོན་གྱི་དོན་སྙིང་གལ་ཆེན་ཡང་སྔར་བས་ཁ་གསལ་བྱུང་སོང་ཞེས་བརྗོད།