རྒྱ་ཆེའི་ཡུལ་སྐོར་བས་སྒེར་འཁོར་བཏང་ནས་ས་མཐོར་ཡུལ་སྐོར་དུ་ཡོང་སྐབས། ཡུལ་སྐོར་ལམ་ཐིག་སྔ་ས་ནས་འཆར་འགོད་བྱེད་དགོས་པ་མ་ཟད། ད་དུང་ལམ་ཡག་པོ་ཡོད་མེད་དང་། ས་བབ་མཐོ་ཚད། གནམ་གཤིས་འགྱུར་ལྡོག་བཅས་ཀྱང་ཤེས་རྟོགས་གང་ལེགས་བྱེད་དགོས། གྲ་སྒྲིག་ལས་དོན་ཡག་པོ་མ་བྱས་པར་མི་མེད་ལུང་སྟོང་དང་གསར་སྤེལ་བྱས་མེད་པའི་ཐང་རྒོད་དུ་སྐྱོད་མི་རུང་། གལ་སྲིད་ལམ་ནོར་ཐེབས་པའམ་ཡང་ན་རླངས་འཁོར་འདམ་ལ་དིམ་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ། འཕྲལ་མ་ཉིད་དུ་110ལ་ཁ་པར་བརྒྱབ་ནས་རོགས་སྐྱོབ་རེ་ཞུ་བྱས་རྗེས་རླངས་འཁོར་ནང་འཛུལ་ནས་ཆེད་ལས་རོགས་སྐྱོབ་པ་བསྒུགས་ནས་སྡོད་པ་ལས་གང་བྱུང་དུ་སྐྱོད་རྒྱུ་མེད།