※ ཡག་པའི་ཡོན་ཏན་བླངས་ན་དགའ།
ཉེས་པའི་བྱ་སྤྱོད་དོར་ན་དགའ།
※ ཁ་སོ་མེད་ཞིམ་པོའི་ཟས་དང་བྲལ།
ལག་ནོར་མེད་ཉེ་བའི་གཉེན་དང་བྲལ།
※ གདོང་ཆེན་ཁོག་པ་སྤུ་ཡིས་བརྒྱངས།
མི་ཆེན་ཁོག་པ་གཏམ་གྱིས་བརྒྱངས།
※ འགྲོ་མི་ཤེས་རྐང་པ་གཡང་ལ་ཤོར།
ཤོད་མི་ཤེས་ཚིག་སྣེ་སྐྱོན་ལ་ཐུག
※ སྦྱིན་པའི་ཟས་ལ་ཆེ་ཆུང་དང་།
གནོད་པའི་ཚིག་ལ་མང་ཉུང་མེད།
※ སྐེ་དམར་པོ་མ་བཅད་ན།
ཁྲག་དམར་པོ་ག་ནས་ཐོན།
※ བོང་བུས་གཡག་ལ་བཀོད་པ།
དུང་ལ་དཀར་རྩིའི་རི་མོ།
※ ཚོད་མེད་མི་ལ་གྲོས་མ་འདྲི།
ཁ་མང་མི་ལ་སྙིང་མ་སྟོན།
※ མི་ཁོག་གཏམ་གྱིས་བཀྲུ་དགོས།
རྫ་ཁོག་ཆུ་ཡིས་བཀྲུ་དགོས།
※ ལས་ག་ལེར་བྱས་ན་བསམ་དོན་འགྲུབ།
གཏམ་ག་ལེར་བཤད་ན་ཚིག་བརྡ་འཕྲོད།
※ སྦྱངས་པ་ཐམས་ཅད་མཁས་པ་ཡིན།
ལུག་རྫི་འུར་རྡོ་རྒྱག་པར་མཁས།
※ མི་འགྲོ་བའི་ལམ། ཙི་ཙི་འགྲོ་བའི་ཨི་ཁུང་།
※ སྐོར་བ་རི་ལ་བསྐོར། འདེད་ས་གླ་བ་ཡིན།
※ རང་རྒྱུས་ལོན་པ་མཁས་པ་དང་།
རང་ཚུགས་ཐུབ་པ་དཔའ་བོ་ཡིན།
※ མུན་ནག་གི་མཚན་མོ་ཇི་ལྟར་རིང་ཡང་།
སྐྱ་རེངས་ཀྱི་ལམ་བུ་འགོག་མི་ཐུབ།
※ ལས་ངན་པའི་སྡིག་པ་མ་བསགས་ན།
སྐྲག་དགོས་པའི་གཤིན་རྗེ་ཆོས་རྒྱལ་མེད།
※ དགེ་སེམས་མེད་པའི་ཆོས་པ་དེ།
སྤྱང་ཀིས་ཆོས་གོས་གྱོན་པ་འདྲ།