《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།

དམག་གསར་གྱི་དུས་མཚམས་རང་བཞིན་གྱི་སྦྱོང་བརྡར་བདེ་བླག་གཉེར་བ།

འདི་ནི་དམག་གསར་ཚོས་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་དམག་གསར་ཚོས་པན་ཀྲང་དང་གྱེས་ཁའི་འཐམ་འཁྱུད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་གསར་གྱི་དུས་མཚམས་རང་བཞིན་གྱི་སྦྱོང་བརྡར་གང་ལེགས་གཉེར་བས། དམག་གསར་སྟོང་ཕྲག་ཁ་ཤས་བདེ་བླག་ངང་སློབ་མཐར་ཕྱིན་ཏེ། མཐའ་སྲུང་གི་ཐོག་མའི་བསམ་འདུན་དང་དམག་དཔུང་གི་ཕུགས་འདུན་སྙིང་ཁར་བཅངས་ནས། ས་མཐོའི་འཐབ་ས་དང་པོར་བསྐྱོད་དེ་གངས་ལྗོངས་སུ་གཞི་ཚུགས་པ་དང་རྒྱལ་སྲུང་མཐའ་སྲུང་གི་རྒྱང་ལམ་གསར་པར་དངོས་སུ་ཞུགས་འགོ་ཚུགས་ཡོད།

རླངས་འཁོར་ལ་མ་འཛུལ་གོང་། དམག་གསར་ལ་སྦྱོང་བརྡར་སྤྲོས་མཁན་པན་ཀྲང་གིས་དམག་གསར་ལན་ཤོག་ཏུ་འབྱོར་རྗེས་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་སྣ་ཚོགས་མངགས་བཅོལ་ཡང་ཡང་བྱས་ཤིང་། མངགས་བཅོལ་རེ་རེའི་ཁྲོད་འཕྲེང་སེམས་ཀྱིས་ཁེངས་ཡོད། གྱེས་ལ་ཁད་ཀྱི་མཚམས་འདིར་ནམ་རྒྱུན་གང་ལའང་འཇིགས་པ་མེད་པའི་དམག་གསར་ཚོ་ཕན་ཚུན་ཁ་བྲལ་མི་ཕོད་པར་གྱུར་ཡོད་ལ། ཟླ་བ་གཉིས་ལྷག་ཙམ་རིང་སྦྱོང་བརྡར་ནན་པོ་དང་སེམས་ནུས་ཡོད་རྒུས་རོགས་རམ་བྱས་པ་དག་ཀྱང་ཁོང་ཚོའི་དམག་དཔུང་འཚོ་བའི་ཁྲོད་ཀྱི་བརྗེད་པར་དཀའ་བའི་ཉམས་མྱོང་ཞིག་ཏུ་གྱུར་ཡོད།

དམག་སྒར་དུ་ཐོག་མར་ཞུགས་སྐབས་ཀྱི་བློ་སེམས་མི་བདེ་བ་ནས་དམག་གསར་སྦྱོང་བརྡར་མཇུག་འགྲིལ་རྗེས་བག་ཕེབས་དང་བློ་རྩ་བརྟན་པོར་གྱུར་པའི་བར། དམག་གསར་ཚོར་སྦྱོང་བརྡར་ཐེངས་མང་ཁྲོད་ཞུན་བརྡར་ཐེབས་ཡོད་ཅིང་། ད་ཆ་ཁོང་ཚོས་དམག་གསར་སྦྱོང་བརྡར་གྱི་གྲུབ་འབྲས་དང་། པན་ཀྲང་གི་མངགས་བཅོལ། འཐབ་གྲོགས་ཀྱི་སྨོན་འདུན་བཅས་ཁྱེར་ནས་གངས་ལྗོངས་ས་མཐོར་རྡོག་ཐོན་བྱས། འཐབ་གྲོགས་གསར་པ་ཚོ་ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་སུ་ཞུན་བརྡར་ཁྲོད་འཚར་ལོངས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། གངས་ལྗོངས་ས་མཐོར་རང་ཉིད་ལ་དབང་བའི་ངོ་མཚར་གྱི་ལེའུ་གསར་ཞིག་གཏོད་ཐུབ་པའི་རེ་བས་ཁེངས། (པད་ཆོས་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)