《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

པར་རིས་གསར་འགྱུར།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཕྱོགས་མང་པོའི་ཉེན་རྟོག་སྟོབས་ཤུགས་སྤྱི་འདོམས་ཀྱིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་མཐའ་མཚམས་ཀྱི་འཐབ་ས་དང་པོར་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་སྐོར་གཡེང་གི་བྱ་སྤྱོད་སྤེལ་བ་རེད།

འདི་ནི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གྲང་ངར་དང་ལམ་ཁའི་ཉེན་ཁར་མ་འཛེམས་པར་མཐའ་མཚམས་ཀྱི་གཙོ་གནད་ས་ཁོངས་སུ་ལེབ་བཤེར་བྱས་ཏེ་ལས་གནས་བརྟན་སྲུང་བྱེད་བཞིན་པ།