འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འགོ་ཁྲིད་གཙོ་བོས་རུ་སྣེ་འཁྲིད་དེ་བཙོན་ཁང་གི་དུག་གཅོད་ཁང་གི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ལ་དམིགས་ནས་བརྟག་ཞིབ་བྱས་པ་དང་འབྲེལ། གཞི་རིམ་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།
བརྟག་ཞིབ་བྱེད་རིང་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་ཚུན། བཙོན་ཁང་གི་དུག་གཅོད་ཁང་གི་འཐབ་ས་དང་པོར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་ཚད་ལྡན་པ། ལེགས་བཅོས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། བཙོན་ཁང་གི་དུག་གཅོད་ཁང་གིས་བདེ་འཇགས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པར་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་དགོས།