ངའི་ཕ་ཡུལ་ལྷ་ས་ཡིན། མི་རྣམས་ཀྱིས་དེར་མཛེས་སྡུག་ལྡན་པའི་ཉི་འོད་གྲོང་ཁྱེར་ཞེས་འབོད།
ལྷ་སར་གནའ་ཉམས་ལྡན་པའི་སྒོ་ར་དང་ཁྲོམ་གཞུང་མང་པོ་ཡོད་ལ། དམར་པོ་རིའི་སྟེང་དུ་འཛམ་གླིང་རིམ་པའི་རིག་དངོས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་གནས་ཡོད། དེས་མ་ཚད། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་སོགས་ཀྱང་ཡོད།
དེང་སང་གི་ལྷ་ས་ཧ་ཅང་མཛེས་པོ་དང་སྤྲོ་སྣང་ལྡན་པ་ཞིག་ཡོད་པ་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་བདེ་སྐྱིད་ལྡན་པའི་མི་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་ཡོད། གྲོང་ཁྱེར་ནང་གི་གཞུང་ལམ་ཡངས་ཤིང་རྒྱ་ཆེ་བ་མ་ཟད། མགྱོགས་ཤིང་མྱུར་ལ་གཙང་སྦྲ་དོད་པའི་སྤྱི་སྤྱོད་རླངས་འཁོར་གྱིས་རྒྱུན་དུ་འགྲུལ་པ་རྣམས་ཕར་སྐྱེལ་ཚུར་བསུ་བྱེད་བཞིན་ཡོད།
ང་ནི་ཕ་ཡུལ་ལྷ་ས་ལ་དགའ། དེ་ནི་གངས་ལྗོངས་ས་མཐོར་འོད་སྣང་རབ་ཏུ་འཚེར་བའི་མུ་ཏིག་ཅིག་དང་འདྲ། ངས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཕ་ཡུལ་སྐྲུན་མཁན་གྱི་མི་བཟང་པོ་ཞིག་ཏུ་གྱུར་ཐུབ་པ་བྱེད་ཀྱི་ཡིན།
(ལོ་རིམ་གསུམ་པའི་འཛིན་གྲྭ་དགུ་པ། ཚེ་རབ་རྒྱལ་མཚན)
(མཛུབ་སྟོན་དགེ་རྒན། བྱམས་སྒྲོལ)