《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月02日

༄༅་། ང་ཡི་ཕ་ཡུལ་།

ང་ཡི་ཕ་ཡུལ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་ཀྱི་གྲོང་གསེབ་ཞིག་ཏུ་ཡོད།

དཔྱིད་ཀར་ཆུ་ཕྲན་གྱིས་ཤང་ཤང་གླུ་དབྱངས་ལེན་བཞིན་རྒྱུག་པ་དང་། ལྕང་མའི་ལོ་མ་འབུས་ཤིང་། ཁམ་བུ་དང་ལི་སྡོང་གི་མེ་ཏོག་བཞད། ཨ་ཁུ་ཞིང་པས་ཞིང་འདེབས་པ་དང་ཆུ་གཏོང་བ་སོགས་སོ་ནམ་གྱི་ལས་ལ་བྲེལ།

དབྱར་ཁ་ཤར་དུས། རྒྱ་ཧ་ཅང་ཆེ་བའི་སྤང་ལྗོངས་ཤིག་ཡོད་པ་དེའི་སྟེང་ལ་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་པ་དང་། རྟ་དང་བ་ཕྱུགས་ལུག་སོགས་ཞིམ་མངར་རྩྭ་ཆུ་ལོངས་སྤྱོད་བྱེད་པར་ཡོང་གི་ཡོད། ང་དང་གཅེན་མོ་གཅུང་པོ་སོགས་ཀྱིས་རྐང་རྩེད་སྤོ་ལོ་རྩེ་བ་དང་། ད་དུང་སྦེ་ག་འགྲན་པ། ཞབས་བྲོ་འཁྲབ་པ་སོགས་བྱེད་ཀྱི་ཡོད།

སྟོན་ཁར་རྒྱ་ཆེ་བའི་ཞིང་ནང་གི་ལོ་ཏོག་ཚང་མ་སེར་ལམ་ལམ་དུ་གྱུར་པ་དང་ཞིང་འགྲམ་གྱི་ལྗོན་ཤིང་སྟེང་གི་ལོ་མ་ཡང་སེར་པོར་གྱུར་ནས་ས་ལ་ཟགས། ཨ་ཁུ་ཞིང་པས་དཀའ་ལས་མང་པོ་བརྒྱབ་ནས་བྱུང་བའི་གྲོ་དང་ནས་ཞོག་ཁོག་ལ་སོགས་ལ་འབྲས་བུ་སྨིན་གྱི་ཡོད་པས་ཁོང་ཚོའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས།

དགུན་ཁར་རི་ལུང་གང་སར་ལྷག་པ་འུར་འུར་དུ་ལྡང་ཞིང་། ས་གཞིས་དཀར་གཙང་གི་གྱོན་ཆས་གྱོན་པ་དང་། སྲོག་ཆགས་མང་པོ་དགུན་ཉལ་བྱེད། ང་ཚོ་སྒོ་རའི་ནང་གངས་དམག་རྒྱག་པ་དང་གངས་མི་བཟོ་བ་སོགས་བྱེད་ཀྱི་ཡོད།

ང་ཡི་ཕ་ཡུལ་ནི་འདི་འདྲའི་སྐྱིད་ཅིང་མཛེས་པ་ལ་ཨང་།

(ལོ་རིམ་གསུམ་པའི་འཛིན་གྲྭ་དགུ་པ། ཚེ་རིང་དབང་ཆེན)