《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月02日

༄༅་། ང་ཡི་ཕ་ཡུལ་།

ཨེ་མ། བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་གནས་སའི་ལྷ་ས་གྲོང་ཁྱེར་ནི་ང་ཡི་ཕ་ཡུལ་ཡིན།

མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེར་ཐོག་བརྩེགས་ཁང་པ་མང་པོ་ཡོད་པ་མ་ཟད་གནའ་ཉམས་ལྡན་པའི་ཡུལ་སྐོར་ས་གནས་ཀྱང་མང་པོ་ཡོད། དེ་དག་ནི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་སོགས་ཡིན། ངའི་ཕ་ཡུལ་ལྷ་སར་ཟས་རིགས་སྣ་ཁ་འཛོམས་པོ་ཡོད་ཅིང་ཤ་མར་ཐུད་གསུམ་དང་ཞོ་འོ་མ་ཕྱུར་བ་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའ་ཡང་ཧ་ཅང་མང་པོ་ཡོད།

དབྱར་ཁ་ཤར་བའི་དུས་སུ་མཁའ་རླུང་ཧ་ཅང་གཙང་ཞིང་མཛེས་སྡུག་ཡིད་དབང་འཕྲོག་པའི་ས་ཆ་དེར་འཛམ་གླིང་ས་ཕྱོགས་ག་ས་གང་ནས་ཡུལ་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་ཡོད། ཁོང་རྣམས་ངའི་ཕ་ཡུལ་གྱི་མཛེས་ལྗོངས་དེས་ཡིད་དབང་འཕྲོག་པ་མ་ཟད་ངའི་ཕ་ཡུལ་གྱི་ཁྱད་དུ་འཕགས་པའི་བཟའ་བཅའ་ལ་ཡང་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག

ཨེ་མ། བདེ་ཞིང་སྐྱིད་ལ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ལྷ་ས་ནི་ང་ཡི་ཕ་ཡུལ་ཡིན།

(ལོ་རིམ་གསུམ་པའི་འཛིན་གྲྭ་དགུ་པ། སྐར་མ་དོན་གྲུབ་ཉི་མ)