ཐེངས་འདིའི་སེམས་སྐྱིད་ཇ་ཁང་གི་པར་ངོས་སུ་ལྷ་ས་སློབ་ཆུང་དང་པོའི་སློབ་མའི་ཁ་བྱང་གཅིག་པའི་རྩོམ་ཡིག《ང་ཡི་ཕ་ཡུལ》ཞེས་པ་བཀོད་ཡོད།
སྐྱེ་བོ་སུ་འདྲ་ཞིག་ལ་མཚོན་ན་ཡང་། ཕ་ཡུལ་ནི་རང་ཉིད་སྐྱེ་ས་འཚར་ས་ཙམ་མ་ཟད། གཤོག་རྩལ་སྦྱངས་ནས་དགུང་ལ་འཕུར་ཡུལ་གྱི་ནམ་མཁའ་དང་གཤོག་ཟུང་ངོམས་ནས་ལོག་སའི་གནས་མལ་དྲོན་མོ་དེ་རེད། ཕ་ཡུལ་གྱི་པང་དུ་ང་ཚོའི་འཚར་ལོངས་ཀྱི་རྐང་རྗེས་རེ་རེ་ལུས་ཡོད་ལ། བརྗེད་དཀའ་ཞིང་དྲན་སྐྱེན་པའི་ང་ཚོའི་གཏམ་རྒྱུད་ཀྱང་མང་པོ་སྤུངས་ཡོད།
ཐེངས་འདིར་བཀོད་པའི་རྩོམ་ཡིག་དག་མ་གཞི་ནང་དོན་གྱི་ཆ་ནས་དེ་ཙམ་ཕུན་སུམ་ཚོགས་པོ་མེད་པ་དང་བསྐྱར་ཟློས་ངེས་ཅན་མཆིས་ཀྱང་། ཡིག་འབྲུ་དང་ཡིག་འབྲུའི་གསེབ་ཏུ་བྱིས་པའི་ལྷད་མེད་ཀྱི་སེམས་པ་དང་། ཁྱད་འཕགས་ཀྱི་མཐོང་སྣེ། བབ་ཆགས་པའི་སྐད་ཆ་སོགས་དགེ་མཚན་ཡང་མི་ཉུང་བ་ཞིག་ལྡན་པས་ན། སློབ་མ་རྣམས་ལ་ལྕག་སྐུལ་དང་ཁོ་ཚོའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱ་ཆེད་པར་ངོས་འདི་བསྒྲིགས་པ་ལགས།