《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月26日

ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས།

སོལ་རླངས་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས་ཁྲོམ་གཞུང་གང་སར་བསྐྱོད་དེ་སོལ་རླངས་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། གྲོང་མིར་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་སེམས་ཐག་ཉེ་བའི་དམངས་ཕན་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་གྲོང་ཁྱེར་ཁོངས་གཏོཌ་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ཁུར་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཀུང་སིའི་དྲིལ་བསྒྲགས་པས་ས་ཡུལ་དངོས་སུ་འགྲེལ་བཤད་དང་། དོགས་སེལ་ལན་འདེབས། རྒྱ་བོད་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་མང་ལ་བརྟེན་ནས་གྲོང་མིར་སོལ་རླངས་བདེ་འཇགས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། གཙོ་གནད་ཐོག་སོལ་རླངས་ཀྱི་ཕུ་ཤོར་བ་སོགས་ལ་འཕྲལ་སྡོམ་ཐག་གཅོད་ཀྱི་དངོས་སྤྱོད་རྩལ་ནུས་བསླབ་ནས་རྒྱུན་གཏན་འཚོ་བའི་ནང་སོལ་རླངས་སྤྱོད་སྐབས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་བྱས་པ་དང་ཆབས་ཅིག གྲོང་མིར་ཡང་དག་པའི་སོལ་རླངས་སྤྱོད་སྟངས་དང་འགོག་སྲུང་ཤེས་བྱ་རང་འགུལ་ངང་སྦྱོང་བར་ཁྲིད་སྟོན་བྱས་ཏེ། གྲོང་མིའི་འགོག་ཟོན་ནུས་པ་ཆེ་རུ་ཏན་ཏིག་བཏང་བ་རེད།