《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月26日

བོད་ཀྱི“ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་གྱི་སྨྱན་སྦྱོར་གསར་པའི་ཕན་འབྲས་མངོན་གསལ་དོད་པ།

སྐད་གཉིས་ཁྲིམས་སྐྱོང་གི་ནང་དོན་ལྟ་ཀློག་བྱེད་ཚད་ཐེངས་དུང་ཕྱུར་27.8ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱུང་བར། “ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱེད་རིང་། བོད་ཀྱིས་ས་མཐོའི་ས་བབ་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། “ཁྲིམས་སྐྱོང་བོད་ལྗོངས”སྣེ་འདྲེན་དུ་བྱེད་པ། སྨྱན་སྦྱོར་གསར་པའི་བཅའ་ཁྲིམས་ཁྱབ་གདལ་ལ་སྤྱི་འདོམས་བྱེད་པ། སྣ་མང་བརྒྱུད་སྤེལ་གྱི་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་པ་དང་གནད་སྨིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ་རེད།

ལྗོངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་སྨྱན་སྦྱོར་གསར་པའི་སྐད་གཉིས་ཁྲིམས་སྐྱོང་ནང་དོན་སྤྱི་ཡོངས་ལྟ་ཀློག་བྱེད་ཚད་ཐེངས་དུང་ཕྱུར་27.8ལས་བརྒལ་ཡོད། “AIལག་རྩལ་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཟུང་འབྲེལ”འཇུག་གཞིར་བྱས་ཏེ་བོད་ཀྱིས“ཁྲིམས་སྐྱོང་བོད་ལྗོངས”ཀྱི་རིག་ལྡན་བཅའ་ཁྲིམས་ཁྱབ་གདལ་དང་12348བོད་ལྗོངས་ཁྲིམས་དྲའི“ངས་ཁྲིམས་འཛིན་འཚོལ་བ”ཞེས་པའི་ལས་སྟེགས་རིམ་སྤོར་བྱས་ཏེ་རིག་ནུས་བློ་འདྲི་དང་། བརྙན་ལམ་སྦྲེལ་མཐུད། ཐོན་ཁུངས་ཕྱོགས་སྟོན། སྣ་མང་དྲིལ་བསྒྲགས། གནད་སྨིན་མངགས་ཐོ་སོགས་ཀྱི་བྱེད་ནུས་ཟླ་སྒྲིལ་བཏང་ནས་དམངས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ས་ཁོངས་ཧྲིལ་པོ་བཅས་ལ་ཁྱབ་པའི་རིག་ལྡན་ཁྲིམས་སྐྱོང་ཞབས་ཞུའི་མ་ལག་བཏོད་དེ་རིམ་རྩིས་བརྒྱབ་ན་བཅའ་ཁྲིམས་ཀྱི་ཞབས་ཞུ་ཐེངས་ཁྲི་97.93བསྒྲུབས་པ་དང་། གཞི་རིམ་ལ་འགལ་ཟླ་དང་རྩོད་གཞི་ཐེངས་ཁྲི་31.7གྲལ་བཤེར་དང་སེལ་རོགས་བྱས་པ་རེད།