《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月19日

ཟང་ཟིང་གི་རྣམ་པ།

“ཕྱོགས་ཡོངས་ཀྱི་བདེ་ཐང”དང“ལས་རིགས་གསར་པ” “རྨང་གཞི་མེད་ཀྱང་མགྱོགས་མྱུར་ཤེས” “ཟླ་རེར་གླ་ཆ་ཁྲི་གཅིག་ལྷག་ཙམ་ཡོད་པ”ཞེས་པ་སོགས་ཀྱི་མིང་ཐོག་ནས་སྒྲིག་གཞི་ཁག་གཅིག་གིས་བདེ་ཐང་གི་ཐད་གཏོང་བ་གསོ་སྦྱོང་བྱེད་ཀྱི་ཡོད་ཅིང་། ཁོང་ཚོས་ཁ་ནས་ཚན་རིག་ཁྱབ་གདལ་སྐོར་བཤད་དེ་ལྐོག་ཏུ་ཐོན་རྫས་རྫུན་མ་དང་སྤུས་ཞན་འཚོང་བ་དང་། ཕྱི་ཚུལ་ནས་བལྟས་ན་གསོ་སྦྱོང་ཡིན་ཡང་དོན་དངོས་ཐོག་དེ་ནི་མགོ་སྐོར་གཏོང་བའི་བྱེད་སྤྱོད་ཅིག་རེད། བྱེད་སྤྱོད་དེ་དག་གིས་ལས་ཀ་འཚོལ་མཁན་གྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་བ་དང་། སྤྱི་དམངས་ལོག་ལམ་དུ་ཁྲིད་པ། སྨན་བཅོས་འཐུས་ཤོར་སོང་བ་མ་ཟད། ད་དུང་བདེ་ཐང་གི་ཤེས་བྱ་ཁྱབ་སྤེལ་གཏོང་བའི་སྒྲིག་ལམ་ཡང་དཀྲུག་གི་ཡོད།