《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月19日

འགྲན་བསྡུར་བྱེད་སར་བཅའ་ཁྲིམས་ཁྱབ་གདལ་བཏང་།

ཉིན་ཤས་གོང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སྤེལ་བའི་སྐབས་དང་བསྟུན་ནས། འགྲན་བསྡུར་བྱ་ཡུལ་དུ“ཧྥེང་ཆའོ་རྣམ་པའི”འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་བཙུགས་པ་དང་། “སྒར་རེས་རྣམ་པའི”ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྲིམས་འཛིན་ཞབས་ཞུ་རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ཡོད། འདི་ནི་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་མང་ཚོགས་ཀྱི་དོགས་གཞིར་ལན་རྒྱག་བཞིན་པ།