《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月12日

སྨན་བཅོས་འགན་བཅོལ་གྱི་དངུལ་མགོ་སྐོར་མ་ཐེབས་པའི་ཆེད་དུ“དམར་ཐིག”འཐེན་པ།

སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“ནད་ལྟ་བའི་དངུལ”དང“སྲོག་སྐྱོབ་དངུལ”རེད། དེས་ན་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་བདེ་འཇགས་སྲུང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི《སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་གྱི་སྲོལ་ཡིག་ལག་བསྟར་ཞིབ་སྲོལ》དེ་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཤིང་ཐེབས་རྩ་ལྟ་འདོམས་ཀྱི“དམར་ཐིག”སྔར་བས་ཞིབ་ཚགས་སུ་བཏང་ཡོད།