《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月28日

ཁམ་བུའི་མེ་ཏོག་དུས་ཆེན་ལ་སྲིད་ཇུས་དྲིལ་བསྒྲགས་བྱེད།

ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་བསྟུན་ནས་ཁྲལ་དོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མཛེས་ལྗོངས་ཁུལ་དང་། ཚོང་འདུས། གྲོང་གསེབ་བཅས་ཀྱི་འཐབ་ས་དང་པོར་བསྐྱོད་དེ“དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་མཛེས་ལྗོངས་ཁུལ་དུ་དྲིལ་བསྒྲགས་བྱས་ཏེ་དམངས་ཕན་ཞབས་ཞུས་མི་སེམས་དྲོ་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྲལ་གྲོན་སྲིད་ཇུས་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ཞིང་། འདི་ནི་ཁྲལ་དོན་ལས་བྱེད་པས་མང་ཚོགས་ལ་འབྲེལ་ཡོད་ཁྲལ་གྲོན་སྲིད་ཇུས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲོད་བཞིན་པ།