《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月21日

ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས།

ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་གནད་སྨིན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གཞི་རྟེན་དུ་བྱས་ནས་ཞིབ་དཔྱོད་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཁ་རུབ་ཆུས་ཀྱི་འགུ་རོ་གྲོང་རྡལ་དང་རི་བོ་ཆེ་རྫོང་གི་བེའུ་མདའ་ཤང་དུ་བསྐྱོད་ནས། “ཁྲིམས་སྐྱོང་སློབ་གསོའི་སློབ་ཚན” འཚོགས་ཏེ་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ལུགས་ཁྱབ་གདལ་གནད་ལ་འཁེལ་པོ་དང་གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་ལ་འགྲེལ་བཤད་རྒྱག་པའི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་དང་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》 ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ། ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་དོན་སྙིང་ལ་དམིགས་ནས་གསལ་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ལ་བསམ་ཤེས་དང་། དོ་ཁུར། རྒྱབ་སྐྱོར་བཅས་བྱེད་པ་དང་། སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་དག་སྔར་བས་སྤྱི་ཚོགས་ལ་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ད་ཐེངས་ཁྲིམས་ལུགས་ཁྱབ་གདལ་གནད་སྨིན་བྱས་པ་དེས་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་བཅའ་ཁྲིམས་འདུ་ཤེས་དང་རང་གིས་རང་གཅུན་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ཞིབ་དཔྱོད་ཀྱི་ལྟ་སྐུལ་དང་གྲོང་སྡོད་རོགས་སྐྱོར་གཉིས་ཟུང་འབྲེལ་ཐུབ་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུའང་ཕྱིན་ཡོད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)